ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕ་རི་སི་ནས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་ནས། མིག་སྔའི་བར་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་བརྒྱ་དང་ང་གཉིས་ལ་རྨས་ཕོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོ་རྣམས་ལ་མྱ་ངན་ཞུས་པར་མ་ཟད། མཉམ་ལས་དམ་པོ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཕམ་པར་རྒྱག་དགོས་ཞེས་བསྟན།
ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བརྒྱད་ཀྱི་མགོ་ཁྲིད་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་ཆེན་པོ་གསུམ་སྟེ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་། ཡོ་རོབ་གླིང་གྲོས་ཁང་བཅས་ཀྱི་མགོ་ཁྲིད་པས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཡོ་རོབ་གླིང་མནའ་འབྲེལ་དེ་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་ཡ་ང་ཡོད་པ་མ་ཟད། འདས་པོ་རྣམས་ལ་མྱ་ངན་ཞུས་པ་ཡིན། འདི་ནི་འཇིགས་སྐུལ་བས་ཡོ་རོབ་གླིང་མནའ་འབྲེལ་ཧྲིལ་བོར་འཇབ་རྒོལ་བྱས་པ་ཡིན་པས། ང་ཚོས་ཆོད་སེམས་བརྟན་པོ་བཅངས་པ་དང་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་ནས་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་འཇལ་དགོས་ཞེས་བཤད།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ནས། ཐེངས་འདིའི་འཇབ་རྒོལ་ནི་འཛམ་གླིང་དམག་འཁྲུག་ཆེན་མོ་ཐེངས་གཉིས་པའི་ཚུན་ལ་ཧྥ་རན་སི་ནས་བྱུང་བའི་དྲག་ཤུགས་བྱ་སྤྱོད་ཆེས་ཚབས་ཆེན་པོ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་ནས་ལོ་བཅུའི་རིང་ལ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ཆེས་ཚབས་ཆེན་པོ་ཡང་ཡིན་ཞེས་བཤད། གསལ་སྒྲོག་ནང་དུ་དབྱིན་ཇིས་ཧྥ་རན་སི་དང་འཛམ་གླིང་ཡོངས་ཀྱི་མནའ་གྲོགས་དང་མཉམ་དུ། ཐལ་སྤྱོད་རིང་ལུགས་ཀྱི་བསམ་བློ་རྩ་མེད་དུ་གཏོང་བར་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།
ཉིན་དེར་ཁ་མེ་ལུན་གྱིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་ཁ་པར་བཏང་ནས་ཧྥ་རན་སི་ཕྱོགས་ལ་རོགས་རམ་བྱེད་རྒྱུའི་དམ་བཅས། དབྱིན་ཇིའི་རྒྱལ་མོ་དབྱི་ལེ་ཧྲ་པའེ་སྐུ་ཕྲེང་གཉིས་པས་ཀྱང་ཉིན་དེར་ཨོ་ལང་ཏི་ལ་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཕ་རི་སིའི་འཇབ་རྒོལ་དོན་རྐྱེན་ཁྲོད་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པར་ཡ་ང་བ་དང་ཡིད་སྐྱོ་བའི་ཚུལ་བསྟན།
སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སོ་མ་ལུའུ་ཅ་ཡིས་ཚེས་བཅུ་བཞི་ཉིན་ས་དེའི་རྒྱང་སྒྲོག་ཁང་ནས་གཏམ་བཤད་སྤེལ་སྐབས། འཇིགས་སྐུལ་འཇབ་རྒོལ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོའི་གཞི་རྩའི་རིན་ཐང་ལ་གནོད་བསྐྱལ་བ་རེད་ཅེས་བཤད། ཁོ་མོས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་གནོད་པ་ཐེབས་མཁན་རྣམས་ལ་མྱ་ངན་ཞུས་པ་དང་། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་འཚམས་འདྲི་ཞུས།
ཨེ་ཅིབ་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་ཀྱིས་འཇིགས་སྐུལ་འཇབ་རྒོལ་ཁྲོད་ཀྱི་འདས་པོ་རྣམས་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་བཞིན་ཡོད་པ་དང་། ཨེ་ཅིབ་ཕྱོགས་ཀྱིས་ཧྥ་རན་སི་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་སྒོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཞེས་བཤད། གསལ་སྒྲོག་ནང་དུ་འཇིགས་སྐུལ་རིང་ལུགས་དེར་རྒྱལ་མཚམས་དང་གྲུབ་མཐའི་དབྱེ་བ་མེད་ལ། དེས་གནོད་སྐྱེལ་ཡུལ་ནི་ཉེས་མེད་མི་སེར་ཡིན་པས། དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འཇིགས་སྣང་ཡིན། ཨེ་ཅིབ་ཀྱིས་བལྟས་ན། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་གྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་སྙེག་པའི་སྤོབས་པ་ཉམས་པར་བྱེད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཁབ་སོ་སོའི་འཇིགས་སྐུལ་རིང་ལུགས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་ཇེ་ཆེར་གཏོང་ངེས་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་ལས་དམ་པོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པར་འདོད་ཅེས་བཤད་ཡོད།
ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐོ་ཧྥོ་ལེ་ཁ་ཡིས་ཚེས་བཅུ་བཞི་ཉིན་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་འཕྲིན་ཡིག་བཏང་ནས། འཇབ་རྒོལ་དོན་རྐྱེན་དེ་ནི་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པ་དང་། དེས་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ནས་སྔར་ལས་ཀྱང་མཐུན་སྒྲིལ་མཉམ་ལས་བྱེད་དགོས་ཞེས་བཤད།
སི་རི་ཡའི་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་ནས། འཇིགས་སྐུལ་རིང་ལུགས་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པ་དང་། སི་རི་ཡར་འཇིགས་སྐུལ་རིང་ལུགས་ཀྱི་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་ལ། འཇིགས་སྐུལ་རིང་ལུགས་ཀྱིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་ཞི་བདེ་ལ་འཇིགས་སྣང་ཆེན་པོ་བཟོ་བཞིན་ཡོད་ཟེར།
ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སི་ཡིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་ཤུགས་ཅི་ཡོད་བཏོན་ནས་འཇིགས་སྐུལ་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་ཞེས་བཤད།
རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་ཚེས་བཅུ་བཞི་ཉིན་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། སྙིང་རྗེ་བྲལ་ཞིང་གདུག་རྩུབ་ཆེ་བའི་འཇབ་རྒོལ་བྱ་སྤྱོད་དེར་ཡ་ང་བའི་ཚུལ་བསྟན།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པོ་ཁི་ཝ་ཡིས་ཚེས་བཅུ་བཞི་ཉིན་ཧྥ་རན་སིའི་མི་དམངས་དང་འཇབ་རྒོལ་ཁྲོད་ཀྱི་འདས་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། མོས་ནག་ཉེས་དེས་མིའི་རིགས་ཧྲིལ་བོ་དགྲ་རུ་བཟུང་བ་རེད་ཅེས་བཤད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།