ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཞོགས་པའི་ཚགས་པར་སྟེང་ཚེས་བཅོ་ལྔ་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་དེ་ཁོ་ཚོས་བཟོས་པ་ཁས་བླངས་པ་དེས་ཆེད་མཁས་པའི་འདོད་ཚུལ་དེར་བདེན་དཔང་བྱས་པ་སྟེ། སི་རི་ཡ་དང་དབྱི་རག་སོགས་རྒྱལ་ཁབ་ནས་འཐབ་མཆོག་ཅེས་པའི་འཐབ་འཁྲུག་ལ་ཞུགས་མྱོང་བའི་ཐལ་སྤྱོད་མི་སྣ་སྔར་ལས་མང་བོ་ཕྱིར་རང་གི་རྒྱལ་ཁབ་ཏུ་སོང་ནས་འཇབ་རྒོལ་བྱེད་བཞིན་པས། འཇབ་རྒོལ་ལ་བཀག་འགོག་བྱེད་དཀའ་བ་མཚོན་ཡོད་ཟེར།
འཇིགས་སྐུལ་ངོ་རྒོལ་ཆེད་མཁས་པས་བཤད་རྒྱུར། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་ནི་འཐབ་འཁྲུག་དངོས་ལ་ཞུགས་པའི་ཉམས་མྱོང་ཅན་གྱིས་ཇུས་འགོད་ཞིབ་མོ་བྱས་པ་དང་། ཆེད་ལས་སྦྱོང་བརྡར་བྱས་མྱོང་བའི་འཇིགས་སྐུལ་མི་སྣས་ལག་བསྟར་བྱས་པའི་འཇིགས་སྐུལ་འཇབ་རྒོལ་རེད་ཟེར། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་སྐབས། ཕ་རི་སི་ནས་ཉུང་མཐར་ཡང་ས་དྲུག་ནས་མཉམ་དུ་མི་ལ་མེ་མདས་བརྒྱབ་པ་དང་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་ལ། འཇབ་རྒོལ་ཐེབས་ས་ཚང་མ་ཤི་རྨས་ཚབས་ཆེན་བཟོ་ཐུབ་ས་སྟེ། དཔེར་ན་ཟློས་གར་ཁང་དང་ལུས་རྩལ་ར་བ། ཟ་ཁང་། ཆང་ཁང་སོགས་ཡིན་པ་དེས། འཇབ་རྒོལ་ལ་ཇུས་འགོད་བྱེད་མཁན་ནི་ཧ་ཅང་ཉམས་མྱོང་ཅན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཟེར།
ལོན་ཏོན་ན་ཡོད་པའི་དབུས་ཤར་ཉེན་ཁ་དབྱེ་ཞིབ་ཀུང་ཟི་ཞེས་པ་དེ་འཛུགས་མཁན་ནུའུ་སའེ་པེ་ཟེར་བ་དེས་བཤད་རྒྱུར། ཐེངས་འདིར་འཇིགས་སྐུལ་བས་བཀོལ་བའི་མཚོན་ཆ་དང་། བདམས་པའི་དུས་ཚོད། འཇབ་རྒོལ་གྱི་བརྒྱུད་རིམ་ཚང་མས་འཇབ་རྒོལ་སློང་མཁན་ནི་སྤྱིར་བཏང་བ་མིན་པ་བདེན་དཔང་བྱས་ཡོད་ལ། འཇིགས་སྐུལ་མི་སྣ་དེ་དག་གིས་དེ་འདྲའི་གཞི་ཁྱོན་ཆེ་བའི་ཤི་རྨས་བཟོས་པས། ཁོ་ཚོས་སྦྱོང་བརྡར་ཆ་ཚང་བྱས་མྱོང་བ་ཤེས་ཐུབ་ཟེར།
ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཐོག་མར་བདེན་དཔང་བྱས་པ་ལྟར་ན། འཇིགས་སྐུལ་མི་སྣས་ཐེངས་འདིའི་འཇབ་རྒོལ་ཁྲོད་དུ་བསྟུད་རྒྱག་མེ་མདའ་དང་ལག་འབོམ། ལུས་བཅིངས་འགད་རྫས། ད་དུང་འགད་རྫས་གཞན་པ་སོགས་མཚོན་ཆ་མང་བོ་བཀོལ་སྤྱོད་བྱས་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།