ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཡུལ་གྱར་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། དགུན་ཚུགས་ལ་ཉེ་བས་ནམ་ཟླ་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ན་ཡང་། ས་དཀྱིལ་རྒྱ་མཚོ་བརྒྱུད་དེ་ཡོ་རོབ་གླིང་ལ་འགྲོ་བའི་ཡུལ་གྱར་པ་དང་གནས་སྤོར་པའི་གྲངས་ཀ་མྱུར་དུ་ཇེ་མང་ལ་སོང་། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་བར་དུ་གྲངས་ཀ་དེ་མི་འབུམ་བདུན་དང་ཁྲི་བདུན་ལས་བརྒལ་བ་དང་། གཟའ་འཁོར་སྔོན་མ་ལས་མི་ཁྲི་དྲུག་དང་སྟོང་བརྒྱད་ཀྱིས་མང་ཟེར།
རྒྱལ་སྤྱིའི་ཡུལ་གྱར་རྩ་འཛུགས་ཀྱིས་བསྒྲགས་པའི་ཆ་འཕྲིན་ལྟར་ན། ས་དཀྱིལ་རྒྱ་མཚོ་བརྒྱུད་དེ་ཡོ་རོབ་གླིང་ལ་འགྲོ་བའི་ཡུལ་གྱར་པ་དང་གནས་སྤོར་པ་མང་ཆེ་ཤོས་ཀྱིས་མཚོ་ཁར་འབུད་ས་དེ་སྔར་བཞིན་ཞི་ལ་དང་དབྱི་ཐ་ལི་གཉིས་བདམས་པ་དང་། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་བར་དུ། རྒྱལ་ཁབ་དེ་གཉིས་ལ་འབྱོར་བའི་ཡུལ་གྱར་པ་དང་གནས་སྤོར་པའི་གྲངས་ཀ་སོ་སོར་མི་འབུམ་དྲུག་དང་ཁྲི་གཉིས་སྟོང་བདུན་ལྔ་བརྒྱ་ཉེར་བདུན་དང་། མི་འབུམ་གཅིག་དང་ཁྲི་བཞི་སྟོང་གཅིག་ལྔ་བརྒྱ་དང་གཅིག་རེད་ཟེར།
ཡུལ་གྱར་པ་དང་གནས་སྤོར་པའི་གྲངས་ཀ་ཇེ་མང་དུ་སོང་བར་བསྟུན་ནས། ས་དཀྱིལ་རྒྱ་མཚོ་བརྒྱུད་དེ་ཡོ་རོབ་གླིང་གི་སྐམ་ས་ཆེན་མོར་འགྲོ་བའི་བརྒྱུད་རིམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཡང་ཇེ་མང་དུ་སོང་། རྒྱལ་སྤྱིའི་ཡུལ་གྱར་རྩ་འཛུགས་ཀྱིས་གསར་དུ་སྡོམ་རྩིས་བྱས་པ་ལྟར་ན། ད་ལོར་ཉུང་མཐར་ཡང་མི་སྟོང་གསུམ་དང་བཞི་བརྒྱ་ཉེར་གསུམ་མཚོ་ཐོག་ནས་རྐྱེན་ལམ་དུ་ཤོར་བ་དང་། གྲངས་ཀ་དེ་ན་ནིང་གི་ལོ་ཧྲིལ་བོའི་གྲངས་ཀ་སྟོང་གསུམ་དང་བརྒྱ་དང་ཞེ་དགུ་ལས་ཀྱང་མང་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཚོད་དཔག་བྱས་པ་ལྟར་ན། སང་ལོའི་ལོ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དུ་ཐོན་པའི་ཡུལ་གྱར་པའི་སྤྱིའི་གྲངས་ཀ་དེ་ས་ཡ་གསུམ་ལས་བརྒལ་སྲིད་ཟེར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཚུན་གྱི་ཆེས་ཚབས་ཆེ་བའི་ཡུལ་གྱར་པའི་ཚ་རླབས་ལ་ཁ་གཏད་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁ་གཏད་ཇུས་གཞི་རབ་དང་རིམ་པ་གཏན་འབེབས་བྱས་ལ། དེའི་ནང་དུ་ཁོངས་གཏོགས་རྒྱལ་ཁབ་ལ་ཡུལ་གྱར་པ་བགོ་བ་དང་། མཐའ་འཁོར་རྒྱལ་ཁབ་ཀྱིས་ཡུལ་གྱར་པར་ཚོད་འཛིན་བྱེད་པར་རོགས་སྐྱོར་བྱེད་པ། པར་ཀན་ས་ཁུལ་དང་ཞི་ལའི་ཡུལ་གྱར་པ་བཀོད་སྒྲིག་ལྟེ་གནས་རྒྱ་བསྐྱེད་པ་སོགས་འདུ། ཡིན་ནའང་མིག་སྔར་བྱེད་ཐབས་དེ་ལག་བསྟར་བྱེད་པའི་མྱུར་ཚད་ཧ་ཅང་དལ། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།