ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཚེས་ལྔ་ཉིན་བསྒྲགས་རྒྱུར། ཧྥ་རན་སིས་མཚོ་ཁུགས་ས་ཁུལ་ལ་མ་གྲུའི་རུ་ཁག་མངགས་ཏེ། སི་རི་ཡི་དང་དབྱི་རག་གི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕམ་གཏོང་བའི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་རྒྱུའི་ཐག་བཅད་ཡོད་ཟེར། ཨེ་ལེ་ཧྲི་ཕོ་བྲང་གིས་ཚེས་ལྔ་ཉིན་གསལ་འགྱུར་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ཨོ་ལང་ཏི་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་འགོག་སྲུང་གྲོས་ཚོགས་བསྡུས་ཏེ། སི་རི་ཡ་དང་དབྱི་རག་གི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨོ་ལང་ཏི་ཡིས་ཏའེ་ཀའོ་ལི་རྟགས་ཅན་གྱི་མ་གྲུ་གཙོ་བྱས་པའི་མཚོ་དམག་དང་མཁའ་དམག་གི་རུ་ཁག་མངགས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དེའི་ཁོངས་སུ་གཏོགས་པའི་རྩ་འཛུགས་དག་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་ཞུགས་རྒྱུའི་ཐག་བཅད་ཟེར། གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཏའེ་ཀའོ་ལི་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་མ་གྲུ་ལས་གཞན། རུ་ཁག་དེར་གཙོ་བོ་ད་དུང་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་སྲུང་སྐྱོབ་གྲུ་གཟིངས་ཤིག་དང་། མཁའ་ཟོན་སྲུང་སྐྱོབ་གྲུ་གཟིངས་ཤིག དཔུང་འཇུག་ཉིང་རྡུལ་ཆུར་འཛུལ་གྲུ་གཟིངས་ཤིག སྣུམ་རྫས་ཁ་གསབ་གྲུ་གཟིངས་ཤིག་དང་སྐོར་གཡེང་གནམ་གྲུ་ཞིག་བཅས་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཏའེ་ཀའོ་ལི་རྟགས་ཅན་གྱི་མ་གྲུ་དེ་མིག་སྔར་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ཐུའུ་ལུན་གྲུ་ཁ་རུ་བསྡད་དེ་ཉམས་གསོ་བྱེད་བཞིན་ཡོད། ད་ལོའི་ཟླ་གཉིས་པ་དང་ཟླ་བཞི་བའི་བར་དུ་མ་གྲུ་དེ་མཚོ་ཁུགས་ས་ཁུལ་དུ་མངགས་ཏེ་རྒྱལ་སྤྱིའི་མནའ་འབྲེལ་དང་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ཞུགས་མྱོང་། སྐབས་དེར་མ་གྲུ་དེའི་སྟེང་དུ་ཡོད་པའི་འཐབ་འཛིང་གནམ་གྲུ་ཉི་ཤུ་ལྷག་གིས་ཉིན་རེར་ཆ་སྙོམས་འཐབ་འཛིང་ལས་འགན་བཅུ་ལྷག་ལག་བསྟར་བྱས་མྱོང་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིས་མིག་སྔར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རླུང་འཚུབ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དྲུག་བཀོད་སྒྲིག་བྱས་ཡོད་པ་དང་། ཅོར་ཏན་གྱི་མངའ་ཁོངས་སུ་གྲིབ་གཟུགས་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དྲུག་བཀོད་སྒྲིག་བྱས་ཡོད། ཐེངས་འདིར་ཏའེ་ཀའོ་ལི་རྟགས་ཅན་གྱི་མ་གྲུ་མངགས་པ་དེས་མཚོ་ཁུགས་ས་ཁུལ་དུ་ཡོད་པའི་ཧྥ་རན་སིའི་དམག་དོན་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་ཐུབ། ཨེ་ལེ་ཧྲི་ཕོ་བྲང་ཕྱོགས་ནས་ད་དུང་བསྒྲགས་རྒྱུར། ཨོ་ལང་ཏི་ཡིས་ཝེ་ཡེ་ན་གྲོས་མོལ་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པ་དང་། ཆབ་སྲིད་བར་བརྒལ་བརྩོན་ལེན་བྱེད་པ་ནི་སི་རི་ཡའི་ཉེན་ཚབས་ཐག་གཅོད་པའི་བགྲོད་ལམ་ཉག་ཅིག་ཡིན་ལ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བ་དང་མི་སེར་ལ་འཇབ་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་པ་ནི་འབྲེལ་ཡོད་གྲོས་ཆོད་འགོད་པའི་མཛུབ་སྟོན་རང་བཞིན་གྱི་རྩ་དོན་ཡིན་པར་འདོད་ཡོད་ཟེར། སྤྱི་སྒྲོག་ནང་དུ་ད་དུང་ཐེངས་འདིའི་འགོག་སྲུང་གྲོས་ཚོགས་སྟེང་ད་དུང་ཧྥ་རན་སི་འཕྲད་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྣང་དང་དེར་ཁ་གཏད་འཇལ་ཐབས་ལ་གྲོས་བསྡུར་བྱས་པ་མ་ཟད། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཨེ་ཅིབ་ཀྱི་ཞི་ནའེ་ཕྱེད་གླིང་ནས་ཐང་ལ་ལྷུང་བའི་དོན་རྐྱེན་གྱི་ཤན་ཤུགས་ལ་ཞིབ་འཇུག་བྱས་ཤིང་། ཧྥ་རན་སིའི་སྲིད་གཞུང་གིས་བྱེད་ཐབས་ཡོད་ཚད་སྤྱད་དེ་རྒྱལ་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད་ཅེས་བཀོད་ཡོད། ཧྥ་རན་སི་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་དབྱི་རག་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་ཁོངས་སུ་ཞུགས་མོད། ཡིན་ནའང་སི་རི་ཡའི་འགུལ་སྐྱོད་དེའི་རིགས་ཀྱི་གྲས་སུ་ཞུགས་ཀྱིན་མེད། ལོ་གཅིག་གི་རྗེས་སུ་སི་རི་ཡའི་ཡུལ་གྱར་པའི་གནད་དོན་ཚབས་ཇེ་ཆེར་སོང་བ་དང་བསྟུན་ནས། ཧྥ་རན་སིས་ཀྱང་སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་ཞུགས་རྒྱུའི་ཐག་བཅད་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།