ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་ལྔ་ཉིན་དབྱི་ལང་གི་ཙུང་ཐུང་གཞོན་པའི་ཞོར་དུ་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ས་ལེ་ཞི་ལ་ཐུག་འཕྲད་བྱས་ཟེར། ས་ལེ་ཞི་དང་གྲོས་མོལ་བྱེད་སྐབས། ཨན་པེ་ཅིན་སན་གྱིས་དབྱི་ལང་ཕྱོགས་ཀྱིས་ཉིང་རྡུལ་གནད་དོན་ཐད་ནས་ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་ཕྱོགས་དྲུག་བར་དུ་བཀོད་པའི་གྲོས་ཆོད་དངོས་སུ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་དབྱི་ལང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་དུ་མཉམ་ལས་བྱས་ཏེ། གྲོས་ཆོད་དངོས་སུ་ལག་བསྟར་བྱེད་པར་རེ་སྒུག་བྱས་ཡོད་པ་མ་ཟད། འོས་འཚམ་གྱི་སྐབས་སུ་དབྱི་ལང་ལ་འཚམས་འདྲི་བྱེད་འདོད་ཡོད་ཅེས་ནན་གྱིས་བཤད། ས་ལེ་ཞི་ཡིས་གྲོས་ཆོད་ལག་བསྟར་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་ཐོན་སྐྱེད་བྱེད་པར་བཀོལ་ཆོག་པའི་མ་བཅོས་རྒྱུ་ཆ་ལས་སྣོན་གྱི་འཕྲུལ་ཆས་གཏོར་མགོ་བརྩམས་ཡོད་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་ལ་ཡང་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཨན་པེ་ཅིན་སན་གྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འབྱུང་བར་རེ་སྒུག་བྱས་ཡོད་ཅེས་བཤད་པ་དང་། ས་ལེ་ཞི་ཡིས་ཀྱང་དེར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན། ཨན་པེ་ཅིན་སན་གྱིས་ད་དུང་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་འཇར་པན་ལ་འཚམས་འདྲིར་ཡོང་བར་གདན་འདྲེན་ཞུས། རྒྱུས་ལོན་བྱུང་བ་ལྟར་ན། ས་ལེ་ཞི་ཐེངས་འདིར་འཇར་པན་ལ་འཚམས་འདྲིར་འགྲོ་དོན་ནི་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བརྩོན་ལེན་བྱེད་པའི་ཚན་རིག་པ་སོགས་ཀྱིས་གྲུབ་པའི་ཕ་ཀི་ཝོ་ཧྲི་ཚན་རིག་དང་འཛམ་གླིང་ལས་དོན་གྲོས་ཚོགས་ཞེས་པར་ཞུགས་པའི་ཆེད་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།