ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་མ་དངུལ་གྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞི་ལ་དང་པར་ཀན་ས་ཁུལ་གྱི་ཡུལ་གྱར་པས་བདེ་འཇགས་ངང་དགུན་ཁའི་འཚོ་བ་རོལ་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ཞི་ལ་དང་པར་ཀན་ས་ཁུལ་གྱི་དགུན་ཁའི་ནམ་ཟླ་ངན་པས་ཡུལ་གྱར་པར་དཀའ་ངལ་ཆེན་པོ་བཟོ་སྲིད་པས། གལ་ཏེ་མྱུར་དུ་ཕན་ནུས་ལྡན་པའི་བྱེད་ཐབས་མ་སྤྱད་ན། ཡུལ་གྱར་པ་རྐྱེན་ལམ་དུ་ཤོར་བའི་སྣང་ཚུལ་འབྱུང་ངེས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་བསྟན་དོན། རྒྱུན་མ་ཆད་པར་ཡོ་རོབ་གླིང་ལ་འགྲོ་བཞིན་པའི་ཡུལ་གྱར་པར་རོགས་རམ་བྱེད་པར་ཨ་རིའི་སྒོར་མོ་བྱེ་བ་དགུ་དང་ས་ཡ་དྲུག་གི་རོགས་སྐྱོར་མྱུར་དུ་མཁོ་ལ། སྒོར་མོ་དེ་དག་དང་དགུན་དཀྱིལ་དུ་ཡུལ་གྱར་པར་སྡོད་གནས་བཀོད་སྒྲིག་བྱེད་པ་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཕྱོགས་སུ་བཀོལ་དགོས་ཟེར། ད་ལོའི་ཟླ་དགུ་བར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་ཡོ་རོབ་གླིང་གི་ཡུལ་གྱར་པར་མ་དངུལ་གྱིས་རོགས་རམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་མྱོང་། ལས་ཁུངས་དེས་ཚོད་དཔག་བྱས་པ་ལྟར་ན། ཞི་ལ་དང་པར་ཀན་ས་ཁུལ་གྱི་ཡུལ་གྱར་པས་བདེ་འཇགས་ངང་དགུན་ཁའི་འཚོ་བ་རོལ་བར་རོགས་རམ་བྱེད་པའི་ཐད་བསྡོམས་པས་ཨ་རིའི་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བདུན་གྱི་རོགས་སྐྱོར་མཁོ་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།