ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་མང་ཚོགས་ཀྱིས་ཚེས་བཞི་ཉིན་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བྱས་ཏེ། དབྱི་ལང་གི་སློབ་མས་དབྱི་ལང་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་བཙན་བཟུང་བྱས་པ་མ་ཟད་ཨ་རི་པ་གཏའ་མར་བཟུང་བའི་དོན་རྐྱེན་བྱུང་ནས་ལོ་འཁོར་སོ་དྲུག་ལོན་པར་དྲན་གསོ་ཞུས།

དབྱི་ལང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས། རྔམ་སྟོན་བྱེད་པའི་མང་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱས་ཏེ། ཨ་མེ་རི་ཁའི་རྒྱལ་དར་བསྲེགས་པ་དང་། ཨ་མེ་རི་ཁ་ནི་ས་ཐན་ཡིན་ཞེས་པ་སོགས་ཀྱི་ཨ་རིར་ངོ་རྒོལ་བྱེད་པའི་འབོད་ཚིག་བསྒྲགས། རྒྱལ་ས་ཐེ་ཧེ་རན་ནས་རྔམ་སྟོན་བྱེད་པའི་མང་ཚོགས་རྣམས་ཐེ་ཧེ་རན་སློབ་གྲྭ་ཆེན་མོ་ནས་ཆས་ཏེ། དབྱི་ལང་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཤུལ་བར་དུ་ཁྲོམ་སྐོར་དུ་སོང་།

གཅིག་སྟོང་དགུ་བརྒྱ་དོན་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། དབྱི་ལང་གི་ཐལ་སྐྱོད་སློབ་མ་རྣམས་ཨ་རིའི་གཞུང་ཚབ་ཁང་དུ་འཛུལ་ནས། ཉིན་བཞི་བརྒྱ་དང་ཞེ་བཞི་ལ་ཨ་རིའི་གཞུང་ཚབ་མི་སྣ་གཏའ་མར་བཟུང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གྱུར། གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཟླ་བཞི་བའི་ཚེས་བདུན་ཉིན་ཨ་མེ་རི་ཁ་དང་དབྱི་ལང་གིས་འབྲེལ་མཚམས་བཅད། དེའི་རྗེས་སུ་ཨ་མེ་རི་ཁས་དབྱི་ལང་ལ་བཀག་འགོག་བྱེད་པ་དང་ཁེར་རྐྱང་དུ་ཕུད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། དབྱི་ལང་གིས་ཀྱང་ཨ་མེ་རི་ཁ་དགྲ་རུ་བཟུང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ནས་བཟུང་དགྲར་འཛིན་གྱི་གནས་བབ་ཛ་དྲག་ཏུ་གྱུར།

ད་ལོའི་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་ལོ་རྒྱུས་རང་བཞིན་གྱི་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད་དེ། ཉིང་རྡུལ་འཆར་གཞི་ལག་བསྟར་བྱེད་མཚམས་བཞག་སྟེ་ནུབ་ཕྱོགས་ཀྱི་དཔལ་འབྱོར་བཀག་སྡོམ་མཚམས་འཇོག་ཏུ་བཅུག ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན་དབྱི་ལང་དང་ནུབ་ཕྱོགས་བར་གྱི་ཡུན་རིང་གི་དགྲར་འཛིན་འབྲེལ་བ་དེ་དུས་དེ་ནས་བཟུང་ཞི་འཇགས་སུ་སོང་བར་འདོད་ཡོད། ཡིན་ན་ཡང་དབྱི་ལང་དང་ཨ་རིའི་འབྲེལ་བར་བར་ཆད་ཆེན་པོ་བྱུང་། ཟླ་བཅུ་བའི་ཚེས་བདུན་ཉིན། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས་བཀའ་བབས་ཏེ་དབྱི་ལང་སྲིད་གཞུང་གིས་ཨ་མེ་རི་ཁར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཕྱོགས་མང་ལས་དོན་གྱི་ཐད་ནས་གྲོས་མོལ་བྱེད་པར་བཀག་འགོག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།