ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དངོས་རྫས་དྲུད་པའི་སྐྱེལ་འདྲེན་གནམ་གྲུ་ཞིག་ས་དེའི་ཚེས་བཞི་ཉིན་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པ་ནས་འཕུར་ཏེ་ཅང་མ་འགོར་བར་ཐང་ལ་ལྷུང་ཟེར། ས་དེའི་སྲིད་གཞུང་སྡེ་ཁག་གི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། དོན་རྐྱེན་ཁྲོད་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དུ་ཨུ་རུ་སིའི་གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་ལྔ་ཡོད་ཟེར།

ཀྲུའུ་པ་གནམ་གྲུ་ཐང་ཉེ་འདབས་སུ་རྣམ་གྲངས་ལག་བསྟར་བྱེད་བཞིན་པའི་ཀྲུང་གོའི་མཚོ་ཁུགས་བཟོ་སྐྲུན་ཀུང་ཟིའི་ཀྲུའུ་པ་གནམ་གྲུ་ཐང་ལས་གཞི་པུའུ་ཡི་སྤྱི་གཉེར་ཀྲང་ཕེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་དེའི་བཟོ་བས་དུས་ཚོད་དགུ་ཡས་མས་སུ་གནམ་གྲུ་ཐང་གི་ཤར་ལྷོའི་ཕྱོགས་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་ཐོས་ལ། དེའི་རྗེས་སུ་ས་དེ་ནས་དུ་ནག་འཕྱུར་སོང་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་དེ་བར་སྣང་དུ་འཕུར་སྐབས་མཐོ་ཚད་མ་འདང་བར་ཁ་ལོ་བས་གནམ་གྲུ་ཇེ་མཐོར་གཏོང་སྐབས་གནམ་གྲུ་ཐང་ཉེ་འདབས་ཀྱི་ཉི་ལོ་གཙང་འགྲམ་དུ་ལྷུང་བ་རེད་ཟེར། གནས་ཚུལ་མཐོང་མཁན་གྱིས་གནམ་གྲུའི་གཤོག་པ་དང་བཅས་པའི་ཆག་རོ་ཉི་ལོ་གཙང་བོའི་འགྲམ་གཉིས་སུ་ལྷུང་འདུག་ཟེར།

ས་དེའི་གནམ་གྲུ་ཐང་གི་ཐག་ཉེ་རུ་ཡོད་པའི་ཉེན་རྟོག་པ་ཞིག་གིས་བཤད་རྒྱུར། དོན་རྐྱེན་བྱུང་ས་ནས་སྟབས་ལེགས་ཏེ་གསོན་ཡོད་པའི་མི་གཉིས་རྙེད་ལ། དེའི་ནང་གི་གཅིག་ནི་བྱིས་པ་ཞིག་རེད་ཟེར།

མིག་སྔར། སུའུ་ཏན་ལྷོ་མའི་འགྲིམ་འགྲུལ་ལམ་ཟམ་པུའུ་ཡི་པུའུ་ཀྲང་དོན་རྐྱེན་བྱུང་སར་ཐོན་ནས་མྱུར་སྐྱོབ་བྱ་བར་བཀོད་སྒྲིག་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པ་སོགས་སུའུ་ཏན་ལྷོ་མ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་དུ་གཞོགས་འདེགས་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་དོན་རྐྱེན་ཁྲོད་ནས་གསོན་པའི་མི་སྣ་མྱུར་སྐྱོབ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།