ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་སྤྱིའི་ཇུས་འདོན་ཁང་དམག་འཐབ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁར་ཐ་པོ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་གསར་འགོད་པར་བཤད་རྒྱུར། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་དང་དྲག་ཆས་རྩ་འཛུགས་ཀྱི་བཀོད་འདོམས་དཔོན་པོ་ཁ་ཤས་ཀྱིས་ཨུ་རུ་སིའི་དམག་ཕྱོགས་ལ་མཉམ་ལས་བྱེད་མགོ་བརྩམས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མཉམ་དུ་ཆམ་ཕབ་གཏོང་བའི་ཐད་ནས་གྲོས་ཆོད་བཀོད་ཡོད་པ་དང་། མཐུན་སྦྱོར་ཚན་ཆུང་བཙུགས་ཡོད་པ་མ་ཟད་འཇིགས་སྐུལ་རིང་ལུགས་ཀྱི་འབྲེལ་ཡོད་གསང་འཕྲིན་བརྗེ་རེས་བྱེད་མགོ་བརྩམས་ཡོད་ཟེར།

ཁར་ཐ་པོ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་རྒྱལ་སྤྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་མཉམ་འབྲེལ་འཐབ་ཕྱོགས་འཛུགས་ཆེད། ཨུ་རུ་སིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འཐབ་འཁྲུག་རྒྱག་པའི་སི་རི་ཡའི་རྒྱལ་གཅེས་སྟོབས་ཤུགས་ཡོད་ཚད་ལ་མཉམ་ལས་བྱེད་འདོད་ཡོད་ཅེས་ཐེངས་མང་བོར་བསྟན་པ་དང་། ཨུ་རུ་སིའི་དམག་དཔུང་གིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་དང་དྲག་ཆས་རྩ་འཛུགས་ཀྱི་བཀོད་འདོམས་དཔོན་པོ་ཁ་ཤས་བར་འབྲེལ་བ་བཙུགས་ཡོད། མི་དེ་དག་གིས་སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་ཡིན་མོད། ཡིན་ན་ཡང་ཁོ་ཚོས་སི་རི་ཡའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་བར་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་བཅས་པའི་འཇིགས་སྐུལ་སྟོབས་ཤུགས་ཚར་གཅོད་བྱེད་པའི་རེ་བ་དེ་ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་འབེན་ལས་ཀྱང་གལ་ཆེ་བར་འདོད་ཡོད་པས། ཨུ་རུ་སིས་ངོ་རྒོལ་ཕྱོགས་ཁག་བར་མཉམ་ལས་བྱས་ཏེ་སི་རི་ཡའི་གནད་དོན་ཐག་གཅོད་པའི་ལམ་གསར་བ་བཏོད་འདོད་ཡོད་ཟེར།

ཁར་ཐ་པོ་ལོ་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཚེས་གསུམ་ཉིན་འཐབ་འཛིང་གནམ་གྲུ་ཐེངས་བཅུ་གཉིས་ལ་མངགས་ཏེ་དམིགས་འབེན་ཉེར་བཞི་ལ་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་བཀོད་འདོམས་ཁང་ཞིག་དང་མཚོན་ཆའི་མཛོད་ཁང་ཞིག སྒྱོགས་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་གི་དམག་སྒར་བཅུ་གཉིས་བཅས་རྡུལ་དུ་བརླགས་ཟེར། ཁོས་བཤད་རྒྱུར། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་སི་རི་ཡ་ནས་བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཨུ་རུ་སིའི་དམག་དཔུང་གིས་བསྡོམས་པས་འཐབ་འཛིང་གནམ་གྲུ་ཐེངས་སྟོང་གཅིག་དང་དྲུག་བརྒྱ་སོ་གཅིག་ལ་མངགས་ཏེ། འཇིགས་སྐུལ་མི་སྣའི་དམིགས་འབེན་སྟོང་གཉིས་དང་བརྒྱད་ཅུ་གྱ་བཞི་ལ་འགས་གཏོར་བཏང་སྟེ། བཀོད་འདོམས་ཁང་ཉིས་བརྒྱ་དང་གྱ་བདུན་དང་། གསོ་སྦྱོང་རྟེན་གཞི་ལྔ་བཅུ་ང་གཉིས། མཚོན་ཆའི་བཟོ་གྲྭ་བཞི་བཅུ། མཚོན་ཆའི་མཛོད་ཁང་བརྒྱ་དང་ང་ལྔ་བཅས་རྡུལ་དུ་བརླགས་ཟེར།

ཁར་ཐ་པོ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་སི་རི་ཡའི་འཇིགས་སྐུལ་མི་སྣ་བར་སྣང་ནས་འཇབ་རྒོལ་བྱེད་པ་དེར་ཕན་འབྲས་མངོན་གསལ་ཐོབ་སྟེ། འཇིགས་སྐུལ་མི་སྣས་དུས་ཡུན་རིང་བོ་བཀོལ་ནས་བཙུགས་པའི་བཀོད་འདོམས་དང་མཁོ་འདོན་མ་ལག་རྩ་གཏོར་བྱས་པ་དང་། འཇིགས་སྐུལ་མི་སྣར་གྱོང་གུད་ཆེན་པོ་ཐེབས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།