ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་ས་དེའི་ཚེས་གཉིས་ཉིན་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར། གནས་སྤོར་པ་དང་ཡུལ་གྱར་པ་འབུམ་གཉིས་དང་ཁྲི་གཅིག་སྟོང་བརྒྱད་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་སོང་ཞེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲངས་ཀ་དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ལོ་ཧྲིལ་བོར་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་སོང་བའི་གནས་སྤོར་པ་དང་ཡུལ་གྱར་པའི་སྤྱི་གྲངས་དང་ཉེ་ཞེས་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡི་མགྲིན་ཚབ་པ་ཨེ་ཏི་ཧྭ་ཚིས་ཀྱིས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར། མི་འབུམ་གཉིས་དང་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་དང་གོ་བཞི་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་སོང་ལ། གྲངས་ཀ་དེས་ཟླ་གཅིག་རིང་གི་མི་གྲངས་ཀྱི་ཟིན་ཐོ་བསྐྲུན་པ་མ་ཟད། ཉིས་སྟོང་བཅུ་བཞི་ལོའི་ལོ་ཧྲིལ་བོའི་གྲངས་ཀ་སྟེ་མི་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་དང་ཧ་ཅང་ཉེ་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་བཅུ་བའི་བར་དུ། ད་ལོར་མི་འབུམ་བདུན་དང་ཁྲི་བཞི་སྟོང་བཞི་ལྷག་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་སོང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་གཟའ་འཁོར་སྔོན་མར་བསྒྲགས་པའི་གྲངས་ཀ་ལྟར་ན། གྲངས་ཀ་ཁྱབ་སྒྲོག་བྱེད་པའི་བར་དུ། ཉིས་སྟོང་བཅོ་ལྔ་ལོར་མི་སྟོང་གསུམ་དང་བཞི་བརྒྱ་བཞི་བཅུ་ཙམ་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་བསྐྱོད་པའི་ལམ་བར་ནས་གར་སོང་མ་ཤེས་པའམ་ཡང་ན་རྐྱེན་ལམ་དུ་ཤོར་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།