ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡའི་ཙུང་ཐུང་ཞི་ཨར་ཝ་དང་འཚམས་འདྲིར་ཡོང་བའི་པུར་ཀ་རི་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་གཉིས་ཀྱིས་ཚེས་གཉིས་ཉིན་ཕུའུ་ཐའོ་ཡའི་རྒྱལ་ས་ལེ་སི་པིན་ནས་བཤད་རྒྱུར། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་མཐུན་སྒྲིལ་དང་མཉམ་འདུས་སྟོབས་ཤུགས་ནི་ཡོ་རོབ་གླིང་གི་ཡུལ་གྱར་པའི་ཉེན་ཚབས་ཐག་གཅོད་པའི་གནད་འགག་ཡིན་ཟེར།

ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་ཞི་ཨར་ཝ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གི་ཡུལ་གྱར་པའི་ཉེན་ཚབས་ལ་རྒྱལ་ཁབ་སོ་སོས་མཉམ་དུ་ཁ་གཏད་འཇལ་དགོས་པ་དང་། པུར་ཀ་རི་ཡ་དང་ཕུའུ་ཐའོ་ཡ་གཉིས་ནི་ཐག་གཅོད་བྱེད་ཐབས་འདོན་པའི་ཟབ་ཞུགས་པ་མ་གཏོགས་མིན་པས། མཇུག་མཐར་ད་དུང་ཡོ་རོབ་གླིང་གི་གཅིག་གྱུར་གྱི་ཐག་གཅོད་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཟེར། དེ་དང་མཉམ་དུ་ཁོས་ཡོ་རོབ་གླིང་གིས་མིག་རྒྱང་རིང་བའི་ཕྱི་འབྲེལ་སྲིད་ཇུས་གཏན་འབེབས་བྱེད་པ་ནི་ཡུལ་གྱར་པའི་ཉེན་ཚབས་བྱུང་བའི་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་པར་ཧ་ཅང་གལ་ཆེ་ཞེས་ནན་གྱིས་བསྟན།

ཞི་ཨར་ཝ་ཡིས་བཤད་རྒྱུར། ཁོས་གཟའ་འཁོར་རྗེས་མར་མཱ་ཨར་ཐ་ནས་བསྡུ་རྒྱུ་ཡིན་པའི་ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་སྟེང་། ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པས་ཡུལ་གྱར་པ་ཡོང་སའི་རྒྱལ་ཁབ་དང་། བརྒྱུད་སའི་རྒྱལ་ཁབ། དང་ལེན་བྱེད་པའི་རྒྱལ་ཁབ་བཅས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཡུལ་གྱར་པའི་ཉེན་ཚབས་ལ་ཁ་གཏད་འཇལ་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་ཚེས་གཉིས་ཉིན་ནས་བཟུང་ཕུའུ་ཐའོ་ཡ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།