ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣ་རྣམས་བྱང་ཕྱོགས་ས་ཁུལ་དུ་འདུས་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་བཙན་བཟུང་བྱས་པའི་གྲོང་རྡལ་གཙོ་བོ་ཞིན་ཅ་ཨར་ཞེས་པ་ཕྱིར་འཕྲོག་རྩིས་བྱས།
ཞིན་ཅ་ཨར་གྲོང་རྡལ་ནི་ཉི་ཉི་ཝེ་ཞིང་ཆེན་དུ་ཡོད་ལ། ཞིང་ཆེན་དེའི་གྲོང་ཁྱེར་གཙོ་བོ་དང་དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་སྟེ་མོ་སུའུ་ཨར་བར་དུ་སྤྱི་ལེ་བརྒྱ་ཙམ་མ་གཏོགས་མེད། གྲོང་རྡལ་དེར་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ལྡན་པ་སྟེ། དེ་ནི་མོ་སུའུ་ཨར་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་གནས་གཞི་ཆེན་པོ་སྟེ་སི་རི་ཡའི་ལ་ཁ་གྲོང་ཁྱེར་བར་གྱི་བགྲོད་ལམ་སྟེང་དུ་ཡོད།
ན་ནིང་གི་ཟླ་བརྒྱད་པའི་ཟླ་མགོར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཞིན་ཅ་ཨར་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་ས་དེའི་ཡ་ཙི་ཏེ་གྲུབ་མཐའི་སྡོད་དམངས་རྣམས་དམར་གསོད་དང་བཙན་བཟུང་། བྲན་བཀོལ་བཅས་བྱས། ཡ་ཙི་ཏེའི་སྡོད་དམངས་འབུམ་གཅིག་དང་ཁྲི་ལྔ་ཙམ་གྲོང་རྡལ་ཉེ་འདབས་ཀྱི་ཞིན་ཅ་ཨར་རི་ཁུལ་དུ་བྲོས་ན་ཡང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་དེ་དག་ལ་སྐོར་བཅོམ་བྱེད་བཞིན་ཡོད།
ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་ན་ནིང་གི་ཟླ་བཅུ་གཉིས་པར་ཕྱིར་རྒོལ་ལན་སྤྲད་དེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་རྣམས་ཞིན་ཅ་ཨར་རི་ཁུལ་གྱི་བྱང་ཕྱོགས་ནས་བདའ་ན་ཡང་། ཞིན་ཅ་ཨར་གྲོང་རྡལ་དང་བཅས་པའི་ཞིན་ཅ་ཨར་རི་ཁུལ་གྱི་ལྷོ་ཕྱོགས་ད་དུང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབང་འཛིན་འོག་ཏུ་གནས་ཡོད།
ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་གཅིག་ཉིན་ཁུའུ་ཨར་ཏི་རིགས་ཀྱི་བདེ་འཇགས་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། གལ་ཏེ་ནམ་ཟླ་ཇེ་བཟང་དུ་སོང་བ་མ་ཟད་མྱུལ་ཞིབ་བྱ་བ་ལེགས་འགྲུབ་བྱུང་ཚེ། ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་དཔུང་འཇུག་བྱས་ཆོག་ཟེར། ཉིན་འགའི་རིང་ལ་ས་དེའི་སྡེ་མིས་རླངས་འཁོར་མང་བོས་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣ་དྲུད་ནས་ས་དེ་བརྒྱུད་པ་མཐོང་ལ། ཨ་མེ་རི་ཁའི་དམག་དཔུང་དང་མནའ་གྲོགས་གཞན་པས་ཀྱང་གཟའ་འཁོར་གཉིས་ཀྱི་རིང་ལ་ཞིན་ཅ་ཨར་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་གནམ་གྲུ་ཐེངས་ལྔ་བཅུ་ང་བདུན་ལ་མངགས་ཏེ་བར་སྣང་ནས་འཇབ་རྒོལ་བྱས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།