ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནི་ཨུ་རུ་སིའི་རྒྱལ་ཡོངས་ནས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་ཚེ་འདས་རྣམས་ལ་མྱ་ངན་ཞུ་བའི་ཉིན་མོ་ཡིན་ལ། ཉིན་དེར་ཨུ་རུ་སིའི་རྒྱལ་ཡོངས་ནས་སྔོན་ཉིན་མོར་ཨེ་ཅིབ་ནས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་ཚེ་འདས་རྣམས་ལ་མྱ་ངན་ཞུས།

ཨུ་རུ་སིའི་རྒྱལ་ས་མཱོ་སི་ཁོ་ནས། ཁི་ལེ་མུའུ་ལིན་ཕོ་བྲང་སོགས་སྲིད་གཞུང་གི་ཁང་བ་ནས་དར་ཆ་ཕྱེད་ཙམ་མར་ཕབ་སྟེ་ཚེ་འདས་རྣམས་ལ་མྱ་ངན་ཞུས།

ཐེངས་འདིའི་ཆག་སྒོའི་ཁྲོད་ཀྱི་ཚེ་འདས་མང་ཆེ་ཤོས་ནི་ཨུ་རུ་སིའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཧྲིན་པིས་ཏི་པའོ་ནས་རེད། ཧྲིན་པིས་ཏི་པའོ་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དེས་བསྟུད་མར་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྒྲགས་པ་དང་། ཧྲིན་པིས་ཏི་པའོ་གྲོང་ཁྱེར་གྱི་སྲིད་གཞུང་ལས་ཁུངས་ཀྱིས་ཨུ་རུ་སིའི་རྒྱལ་དར་དང་གྲོང་ཁྱེར་རང་གི་དར་ཆ་ཕྱེད་ཙམ་མར་ཕབ་སྟེ་ཚེ་འདས་རྣམས་ལ་མྱ་ངན་ཞུས།

ཧྲིན་པིས་ཏི་པའོ་གྲོང་ཁྱེར་གྱི་མགོ་གཙོ་པོར་ཐ་ཧྥུའུ་ཆིན་ཁོ་ཡིས་བཤད་རྒྱུར། གྲོང་ཁྱེར་སྲིད་གཞུང་གིས་མྱུར་དུ་ཨུ་རུ་སིའི་ཚེ་འདས་ཀྱི་ཁྱིམ་མི་ལ་ཁ་གསབ་སྟེར་རྒྱུའི་ཐག་བཅད་པ་དང་། ཧྲིན་པིས་ཏི་པའོ་གྲོང་ཁྱེར་ནས་མིན་པའི་ཚེ་འདས་ཀྱི་ཁྱིམ་མི་ལ་ཡང་ཁ་གསབ་ཐོབ་ངེས་ཟེར།

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་ཁོ་ཅ་ལེ་མུའུ་མཁའ་འགྲུལ་ཀུང་ཟིའི་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧི་ནས་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ལ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་ཀྱི་ཞི་ནའེ་ཕྱེད་གླིང་ནས་ཐ་ལ་ལྷུང་། གནམ་གྲུའི་སྟེང་བསྡོམས་པས་འགྲུལ་བ་ཉིས་བརྒྱ་དང་བཅུ་བདུན་དང་གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་བདུན་ཡོད་ལ། མི་མང་ཆེ་ཤོས་ནི་ཨུ་རུ་སི་ནས་ཡིན་པ་དང་། བྱིས་པ་བཅུ་ལྷག་ཡོད། མི་དེ་ཚང་མ་ཆག་སྒོའི་ཁྲོད་ནས་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།