ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱོ་ལེར་གཉིས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་རི་ནེ་ཝ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཟླ་དམར་ལས་འགུལ་གྱི་གཞི་རྩའི་རྩ་དོན་བརྩི་སྲུང་བྱས་ཏེ། བྲེལ་མྱུར་དང་དངོས་ཡོད་ཀྱི་བྱེད་ཐབས་སྤྱད་ནས། དེང་སྐབས་ཀྱི་འཛམ་གླིང་འཕྲད་པའི་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ལ་མཉམ་དུ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་རྩ་འཛུགས་ཆེན་པོ་གཉིས་ཀྱིས་ཐོག་དང་བོར་མཉམ་འབྲེལ་སྒོས་སྤེལ་བའི་གསལ་སྒྲོག་ནང་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ་མིག་སྔར་འཛམ་གླིང་སྟེང་གནས་པའི་འགལ་བ་གཙོ་བོ་ཁ་ཤས་ཐག་གཅོད་པའི་བྱེད་ཐབས་འཚོལ་དགོས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པར་སྐུལ་འདེད་གཏོང་དགོས་ལ། བསམ་གཟས་ནས་མི་སེར་ལ་འཇབ་རྒོལ་བྱེད་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་གཏོང་དགོས་པ་དང་། མི་མང་ས་ནས་མཚོན་ཆ་དྲག་པོ་སྤྱོད་པར་བཀག་འགོག་བྱེད་དགོས་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་ལས་དོན་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་མཉམ་དུ། ཡུལ་གྱར་པའི་གནད་དོན་ལ་སྔར་ལས་ཀྱང་མཐོང་ཆེན་བྱས་ཏེ། ཁོ་ཚོའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད་ཁོ་ཚོ་ཡུན་རིང་བོར་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏོན་ཡོད།

མཉམ་འབྲེལ་གསལ་སྒྲོག་དེའི་ནང་ད་དུང་བསྟན་དོན། ད་ལོའི་ཟླ་བཅུ་གཉིས་པར་བསྡུ་རྒྱུ་ཡིན་པའི་སྐབས་གསོ་གཉིས་པའི་རྒྱ་གྲམ་དམར་པོ་དང་ཟླ་དམར་རྒྱལ་སྤྱིའི་ཚོགས་ཆེན་དང་། སང་ལོའི་ཟླ་ལྔ་བར་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་མི་ཆོས་རིང་ལུགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་དང་བོའི་བརྗོད་སྙིང་ནི་འཁྲུག་རྩོད་ཁྲོད་ཀྱི་མི་སེར་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་དེ་ཡིན་ཟེར།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད་རྗེས་གསར་འགོད་པར་བཤད་རྒྱུར། འཁྲུག་རྩོད་ཁྲོད་ཀྱི་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མ་ལག་གནས་པའི་རྨང་རྡོ་ཡིན་ལ། ཉེས་མེད་མི་སེར་དམར་གསོད་བྱས་ན་འཛམ་གླིང་སྔར་ལས་ཟིང་ཟིང་དུ་གཏོང་ངེས་པས། བྱ་སྤྱོད་དེ་མུ་མཐུད་རྒྱ་ཡན་དུ་གཏོང་བ་དང་དེར་ཁ་གཏད་ཅི་ཡང་འཇལ་མ་ཐུབ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོ་ཚ་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་མི་ཆོས་རིང་ལུགས་ལ་གནོད་སྐྱེལ་བ་དེ་འཛམ་གླིང་ཡོངས་སུ་ཚོད་འཛིན་ལས་བརྒལ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདིའི་ཐད་ནས་དྲང་བདེན་སྐྱོང་བའི་འབད་བརྩོན་ཡང་ནུས་མེད་ཉམ་ཆུང་ལྟ་བུ་ཡིན་པས། ད་ལྟ་མྱུར་དུ་བྱེད་ཐབས་སྤྱོད་པའི་དུས་ལ་འཁེལ་ཡོད་ཟེར།

ཕན་ཅི་ཝུན་གྱིས་ས་གང་ཡིན་ནའང་འདྲ། འཁྲུག་རྩོད་ཅི་འདྲ་ཡིན་ནའང་འདྲ། དྲག་ཤུགས་སྤྱད་ཚེ་གནད་དོན་ཐག་གཅོད་མི་ཐུབ་ལ། ཆབ་སྲིད་གྲོས་མོལ་ནི་ད་གཟོད་འཁྲུག་རྩོད་ཐག་གཅོད་པའི་གཞི་རྩའི་ཐབས་ལམ་ཡིན་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།