ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཆོད་དོན་ཡི་གེ་སྤེལ་ནས། ཁྲའོ་ཞན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཟླ་མགོར་ཁྲའོ་ཞན་ངལ་རྩོལ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། དེ་ནི་ཁྲའོ་ཞན་ངལ་རྩོལ་ཏང་གིས་ལོ་ངོ་སུམ་ཅུ་ལྷག་འགོར་རྗེས་ཡང་བསྐྱར་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྤེལ་བ་རེད། ཚོགས་ཆེན་ཐེངས་སྔོན་མ་ནི་ཅིན་རི་ཁྲིན་གྱིས་སྲིད་འཛིན་པའི་དུས་སྐབས་སུ་ཚོགས་པ་རེད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཆོད་དོན་ཡི་གེ་ལས་བཤད་རྒྱུར། ཅིན་རི་ཁྲིན་དང་ཅིན་ཀྲིན་རི་གཉིས་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་འོག ཁྲའོ་ཞན་ངལ་རྩོལ་ཏང་དེ་ཁྲའོ་ཞན་མི་དམངས་ཀྱི་རྒྱལ་ཁ་ཡོད་ཚད་ཀྱི་རྩ་འཛུགས་མཁན་དང་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར་ཁྲའོ་ཞན་གྱི་མདུན་དུ་ལྷགས་པའི་གསར་བརྗེའི་ལས་འགན་ཆེན་པོ་ནི་ཁྲའོ་ཞན་ངལ་རྩོལ་ཏང་དང་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་མགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཁྲོད་མཐོ་རླབས་གསར་བ་བསླངས་ཤིང་། ཏང་གི་མགོ་ཁྲིད་ནུས་པ་ཇེ་མཐོར་བཏང་སྟེ། སྔ་མོ་ནས་གསར་བརྗེའི་ལས་དོན་གཙོ་བོའི་ཆེས་མཇུག་མཐའི་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུ་དེ་ཡིན། དེང་སྐབས་ཀྱི་ཏང་གི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་ཡོངས་འགྲུབ་བྱེད་ཆེད། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུའུ་ཡིས་རྒྱལ་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་སྤེལ་རྒྱུ་ཐག་བཅད་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ངལ་རྩོལ་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་སྔོན་མ་དེ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ལོར་ཚོགས་པ་དང་། ཁྲའོ་ཞན་གྱི་རྒྱལ་འཛུགས་མགོ་ཁྲིད་པ་ཅིན་རི་ཁྲིན་གྱིས་ལས་འགན་ཁུར་སྐབས་བསྡུས་པ་རེད། ཅིན་ཀྲིན་ཨིན་གྱི་ཡབ་ཅིན་ཀྲིན་རིའི་སྐབས་སུ་རྒྱལ་ཡོངས་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུས་མྱོང་མེད།

ངལ་རྩོལ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དེ་ལོ་སུམ་ཅུ་ལྷག་ལ་མ་ཚོགས་ཀྱང་། ངལ་རྩོལ་ཏང་གི་འཐུས་མིའི་གྲོས་ཚོགས་ཉེ་བའི་ལོ་འགའི་རིང་མུ་མཐུད་དུ་ཚོགས་པ་རེད། བསྒྲགས་པ་ལྟར་ན། ཆབ་སྲིད་ཀྱི་དོན་རྐྱེན་དང་སྲིད་ཇུས་གལ་ཆེན་ཐག་གཅོད་དང་ལེགས་སྒྲིག་བྱེད་པའི་གལ་ལ་ཐུག་ན། ངོ་རྒོལ་ཏང་གིས་སྤྱིར་བཏང་དུ་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུ་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།