ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེད་ནཱ་མེད་ཀྱི་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བར་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་བསྡུས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་། སོ་ཏི་ཨ་རབ། ཡེ་མིན། པཱ་ལིན། ཐུ་ནི་ཞི་ཡཱ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་པུའུ་ལིན་ཁུན། ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་ཨོ་སི་ཏེན་སྐུ་ཕྲེང་གསུམ་པ་སོགས་མཐོ་རིམ་དཔོན་པོ་གྲོས་ཚོགས་ལ་ཞུགས།

མེད་ནཱ་མེད་ཀྱི་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་ཚོགས་མགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཡུན་ཉིན་གསུམ་ཡིན་པའི་གྲོས་ཚོགས་སྐབས་སུ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་དང་རྒྱལ་སྲུང་། བདེ་འཇགས་བཅས་ཀྱི་དཔོན་རིགས་ཀྱིས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོའི་དགའ་བསུའི་གསོལ་སྟོན་སྟེང་གཏམ་བཤད་གལ་ཆེན་སྤེལ། ཁོས་བསྟན་དོན། མིག་སྔར་ཨ་རབ་རྒྱལ་ཁབ་དང་ས་ཁུལ་མང་བོ་ཐལ་སྤྱོད་རྩ་འཛུགས་དང་ནང་འཁྲུག་སོགས་གནད་དོན་མང་བོར་འཕྲད་ཡོད། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཆོས་ལུགས་ཕྱོགས་ཁག་བར་གྱི་འགལ་བ་རེད། ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་སོང་བ་དེས་ས་ཁུལ་གྱི་འཁྲུག་རྩོད་ལ་ཡར་སྐུལ་བྱེད་བཞིན་ཡོད། དེས་རྒྱལ་ཁབ་དང་ས་ཁུལ་རེ་འགའི་མང་ཚོགས་ལ་གནོད་པ་ཆེན་པོ་བཟོས་ཡོད་ཟེར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཉིན་རེར་ཚབས་ཆེན་དུ་འགྱུར་བཞིན་པའི་ཐལ་སྤྱོད་སྟོབས་ཤུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་དང་། རྒྱལ་སྲུང་། བདེ་འཇགས་བཅས་ཀྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁའི་སྲིད་ཇུས་དང་། ས་ཁུལ་གྱི་བདེ་འཇགས། ཐལ་སྤྱོད་རིང་ལུགས་ཀྱི་འགྲན་རྩོད། ཡེ་མིན་གྱི་མ་འོངས་པའི་གནས་བབ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་རྗེས་ཀྱི་ས་ཁུལ་གནས་བབ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་དང་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།