ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གཏན་ཁེལ་བྱས་པ་ལྟར་ན། ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧི་ནས་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ལ་འཕུར་བའི་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བར་སྣང་དུ་འཕུར་ནས་ཅང་མ་འགོར་བར་ཞི་ནའེ་ཕྱེད་གླིང་དུ་ལྷུང་ཟེར།

གནམ་གྲུའི་སྟེང་དུ་འགྲུལ་བ་ཉིས་བརྒྱ་དང་བཅུ་བདུན་དང་གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་བདུན་ཡོད་ལ། མང་ཆེ་ཤོས་ནི་ཨུ་རུ་སིའི་གནས་སྐོར་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་པེ་ཅིན་གྱི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་གཅིག་སྟེང་ཨེ་ཅིབ་ཀྱི་གྲུ་ཁའི་གྲོང་ཁྱེར་གྲགས་ཅན་ཧྲ་མུའུ་ཧྲ་དབྱི་ཧི་ནས་འཕུར་ཏེ། འཆར་གཞི་ལྟར་ན་དུས་ཚོད་བཅུ་བདུན་དང་སྐར་མ་བཅུའི་སྟེང་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ལ་ཐོན་དགོས་མོད། ཡིན་ནའང་གནམ་གྲུ་འཕུར་ནས་སྐར་མ་ཉེར་གསུམ་གྱི་རྗེས་སུ་ས་ངོས་དང་འབྲེལ་མཚམས་ཆད་ཟེར།

ཨེ་ཅིབ་སྲིད་གཞུང་གིས་ནང་སྲིད་ཁང་རིམ་པའི་ཉེན་ཚབས་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་མྱུར་སྐྱོབ་རླངས་འཁོར་བཅོ་ལྔ་གནམ་གྲུ་ཐང་ལ་ལྷུང་སའི་ཞི་ནའེ་ཞིང་ཆེན་གྱི་ཨེར་ཧ་སང་ན་གྲོང་ཁྱེར་ལ་མངགས།

ཨེ་ཅིབ་ཏུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེའི་ཁྲོད་ནས་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། གཞན་ཡང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བཀའ་ཁྱབ་སྟེང་མིང་བཀོད་དེ་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལ་རྒྱལ་ཡོངས་ཀྱིས་ཨེ་ཅིབ་ནས་འགྲུལ་སྐྱེལ་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམ་པ་མྱ་ངན་ཞུ་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།