ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཐན་ཙན་ནི་ཡཱ་རྒྱལ་ཁབ་ཀྱིས་ཞི་བ་དང་གོ་རིམ་ལྡན་པའི་སྒོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། སིང་ཀེ་པཱ་ཨར་གྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཐན་ཙན་ནི་ཡཱའི་མི་དམངས་དང་སྲིད་གཞུང་། ཆབ་སྲིད་ཏང་ཁག་སོ་སོར་རྟེན་འབྲེལ་ཞུས། ཐན་ཙན་ནི་ཡཱའི་སྤྱི་དམངས་ཀྱིས་འདེམ་ཤོག་འཕེན་པའི་དབང་ཆ་ལག་བསྟར་བྱས་ཏེ་འདེམ་ཤོག་འཕང་བའི་མཇུག་འབྲས་ལ་སྒུག་ཡོད་པ་དང་། ཁོ་ཚོའི་འགན་ཁུར་བའི་བྱ་སྤྱོད་དེ་ལས་ཁོ་ཚོས་དམངས་གཙོ་དང་ཞི་བདེ། བརྟན་འཇགས་བཅས་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་སིང་ཀེ་པཱ་ཨར་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པར་མ་ཟད། འདེམ་བསྐོའི་འཕེལ་རིམ་ཁྲོད་ཀྱི་འབྲེལ་ཡོད་རྩོད་གླེང་གང་ཡིན་ཡང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཞི་བ་དང་མངོན་གསལ་གྱིས་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས། ཁོས་ཕྱོགས་སོ་སོས་རང་ཚོད་བཟུང་ཞིང་དྲག་ཤུགས་བསྐྱུར་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་གཏམ་བརྗོད་སོགས་སྤེལ་མི་རུང་བའི་འབོད་སྐུལ་བཏང་།
ཐན་ཙན་ནི་ཡཱ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དེ་ཐན་ཀཱ་ནེ་ཁཱ་དང་སིང་ཀེ་པཱ་ཨར་གླིང་ཕྲན་ཁག་གཉིས་ཀྱིས་གྲུབ་ཡོད། རང་སྐྱོང་ཕྱེད་ཙམ་གྱི་ས་ཁུལ་ཡིན་པའི་ཆ་ནས། སིང་ཀེ་པཱ་ཨར་ལ་རང་ཉིད་ཀྱི་སྲིད་གཞུང་དང་གྲོས་ཁང་ཡོད་པ་དང་། ཐན་ཙན་ནི་ཡཱའི་འདེམ་བསྐོའི་བྱ་འགུལ་ཆེན་མོས་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནས་བཟུང་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། རྒྱལ་ཁབ་དེའི་ཙུང་ཐུང་གསར་བ་དང་། རྒྱལ་དམངས་གྲོས་ཁང་གི་གྲོས་མི། ས་གནས་གྲོས་མི་བཅས་འདེམ་བསྐོ་བྱས། སིང་ཀེ་པཱ་ཨར་གྱིས་ཀྱང་དུས་མཉམ་དུ་ཙུང་ཐུང་གསར་བ་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་མི་བཅས་འདེམ་བསྐོ་བྱས་པ་རེད།
ཐན་ཙན་ནི་ཡཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་འཛིན་ཏང་གསར་བརྗེའི་ཏང་གི་འདེམ་སྒུག་མི་སྣ་མཱ་ཀུའུ་ཧྥུའུ་ལེ་ཙུང་ཐུང་གསར་བར་བདམས་ཟེར། སིང་ཀེ་པཱ་ཨར་གྱི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། སིང་ཀེ་པཱ་ཨར་ནས་སྤེལ་བའི་འདེམ་བསྐོའི་ཁྲོད་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པས་འདེམ་བསྐོའི་མཇུག་འབྲས་ནུས་མེད་དུ་གྱུར་བས། ཡང་བསྐྱར་འདེམ་བསྐོ་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།