ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ཀྱིས་ཚེས་སུམ་ཅུའི་ཉིན་ཝེ་ཡེ་ནཱ་ནས་དུས་ཚོད་བདུན་ཙམ་ལ་གྲོས་མོལ་བྱས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་སི་རི་ཡཱའི་ཞི་བདེ་འཕེལ་རིམ་མགོ་རྩོམ་པའི་ཐད་གཞི་རྩའི་ཐུན་མོང་ལྟ་ཚུལ་བྱུང་།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་བཅུ་བདུན་དང་མཉམ་འབྲེལ་རྒྱལ་ཚོགས། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་འཐུས་མིས་ཉིན་དེར་འགུལ་སྐྱོད་འཆར་གཞི་ཞིག་ལ་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ཁྲིད་འོག སི་རི་ཡཱའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་འཚོལ་ཞིབ་བྱེད་པ་དང་། ཞོར་དུ་ཆབ་སྲིད་འཕེལ་རིམ་ཡང་བསྐྱར་མགོ་རྩོམ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག རང་དབང་འདེམ་བསྐོའི་ཐབས་ལ་བརྟེན་ནས་སི་རི་ཡཱའི་མ་འོངས་པའི་མགོ་ཁྲིད་པ་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་བཅས་ཀྱིས་གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ།

ཁི་ལེ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་བསྟན་དོན། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ལས་འགན་བསྐྱུར་མིན་གྱི་གནད་དོན་ཐད་སྔར་བཞིན་འགལ་བ་ཆེན་པོ་ཡོད་ཀྱང་། འགལ་བ་དེས་སི་རི་ཡཱའི་གནད་དོན་གྱི་ཆབ་སྲིད་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པར་བཀག་རྒྱ་ཐེབས་མི་རུང་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། པཱ་ཧྲ་ཨར་གྱི་ལས་དབང་དེ་སི་རི་ཡཱའི་མི་དམངས་ཀྱིས་ཐག་གིས་གཅོད་དགོས། ཨུ་རུ་སི་ཡིས་གནད་དོན་དེ་ངེས་པར་དུ་ཆབ་སྲིད་འཕེལ་རིམ་ཁྲོད་ཐག་གཅོད་བྱེད་དགོས་པར་ཡིད་ཆེས་བྱས་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་གྲོས་ཚོགས་གྲོལ་རྗེས་བཤད་རྒྱུར། གྲོས་མོལ་ལ་དཀའ་ཁག་ཆེ་ཡང་གྲུབ་འབྲས་བཟང་བོ་ཐོབ་ཡོད། ང་ཚོར་ཐུན་མོང་གི་ལངས་ཕྱོགས་མང་བོ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་པའི་ཆབ་སྲིད་འཕེལ་རིམ་མགོ་རྩོམ་དགོས་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོའི་བར་སི་རི་ཡཱའི་ཆབ་སྲིད་བར་བརྒལ་འཕེལ་རིམ་དང་། མ་འོངས་པའི་འདེམ་བསྐོའི་མདུན་ལྗོངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་སོགས་གནད་དོན་མང་བོའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར། ཁོས་བསྟན་དོན། གཟའ་འཁོར་གཉིས་ཀྱི་ནང་ཕྱོགས་སོ་སོས་ཡང་བསྐྱར་སི་རི་ཡཱའི་གནད་དོན་ལ་གྲོས་མོལ་བྱེད་རྒྱུ་རེད་ཟེར།

སི་རི་ཡཱའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཝེ་ཡེ་ནཱ་ནས་ཚོགས་པ་དང་། ཀྲུང་གོ་དང་། ཨ་མེ་རི་ཁ། ཨུ་རུ་སི། དབྱིན་ཇི། ཧྥ་རན་སི་སོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་། ཐུར་ཁེ་དང་སོ་ཏི་ཨ་རབ། དབྱི་ལིང་། ཨེ་ཅིབ། དབྱི་རག་སོགས་རྒྱལ་ཁབ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མངག་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།