ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཅུ་བདུན་སི་རི་ཡཱའི་གནད་དོན་གྱི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་ཕྱོགས་མང་བོའི་གྲོས་མོལ་དེ་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་རྒྱུ་རེད།

ཉིན་དེའི་དགོང་མོར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་སི་ནཱ་ཨར་ལེ་ཨོ་ལུའུ། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་བཅས་ཀྱིས་གྲོས་མོལ་བྱས་ནས། སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞིར་གྲོས་བསྡུར་བྱས། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ཝེ་ཡེ་ནཱ་ནས་སྐོར་ཐེངས་དང་པོའི་སི་རི་ཡཱའི་གནད་དོན་གྱི་ཕྱོགས་མང་བོའི་གྲོས་མོལ་སྤེལ་ཏེ། སྔར་ལས་ཁྱབ་ཁོངས་ཆེན་པོའི་ཕྱོགས་མང་བོའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད།

ཁི་ལེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་གྲོས་མོལ་བྱས། དེ་ནི་དབྱི་ལིང་ཐོག་དང་པོར་སི་རི་ཡཱའི་གནད་དོན་ལ་འབྲེལ་བའི་རྒྱལ་སྤྱིའི་གྲོས་མོལ་ལ་ཞུགས་པ་རེད། དེའི་སྔོན་སོ་ཏི་ཨ་རབ་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་ངོ་རྒོལ་བྱས་རྐྱེན། དབྱི་ལིང་ཉིས་སྟོང་བཅུ་གཉིས་ལོ་དང་ཉིས་སྟོང་བཅུ་བཞིའི་ལོར་སྤེལ་བའི་སྐོར་ཐེངས་གཉིས་ཀྱི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་མོལ་ལ་མ་ཞུགས་པ་རེད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གལ་ཏེ་ང་ཚོས་སི་རི་ཡཱའི་ནང་འཁྲུག་བྱུང་ནས་ལོ་ངོ་ལྔ་འགོར་རྗེས། ཐོག་དང་པོར་ཚོགས་ཞུགས་མཁན་དང་ཕྱོགས་ཁག་སོ་སོར་གྲོས་མོལ་བྱེད་ཐུབ་ན། སི་རི་ཡཱའི་གནས་བབ་ལ་འགྱུར་ལྡོག་འབྱུང་བར་རེ་བ་ཉག་ཅིག་ཡོད་ཟེར། ཁོས་བཤད་རྒྱུར། ཞག་གཅིག་རིང་གནད་དོན་དང་འགལ་བ་ཡོད་ཚད་ཞི་འཇགས་སུ་གཏོང་ཐུབ་པར་རེ་བ་བྱེད་མི་རུང་ཡང་། གལ་ཏེ་མུ་མཐུད་དུ་གྲོས་མོལ་བྱེད་པའི་ཐབས་ལམ་སྤྱད་ན། གྲུབ་འབྲས་གལ་ཆེན་ཐོབ་སྲིད་ཟེར།

ཕྱོགས་སོ་སོས་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོར་ཁྱབ་རྒྱ་ཆེ་བའི་གྲོས་མོལ་བྱེད་རྒྱུ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་མུས་ཏི་སི་ཐུའུ་ལཱ་གཉིས་ཀྱང་སྐོར་ཐེངས་འདིའི་ཕྱོགས་མང་བོའི་གྲོས་མོལ་ལ་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།