ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་ཞི་བདེ་དང་འགྲིག་མཐུན་གྲོས་མོལ་ཉེ་སྔོན་ཡཱ་ཅཱ་ཏཱ་ནས་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་གྲོས་ཚོགས་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་དང་ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་གྱིས་སྤེལ་བ་ཡིན་ཞིང་། བརྗོད་སྙིང་ནི་མང་ཚོགས་འཕེལ་རྒྱས་མཉམ་ལས་ཁྲོད་ཞུགས་ནས་ཡར་སྐུལ་གཏོང་དགོས་ཞེས་པ་དེ་རེད། དམིགས་ཡུལ་ནི་དཔལ་འབྱོར་མཉམ་ལས་དང་སྤྱི་ཚོགས་བརྗེ་རེས་ཇེ་དྲག་ཏུ་བཏང་སྟེ། ས་ཁོངས་ཕྱི་ནང་གི་རྒྱལ་ཁབ་ཏུ་འགྲིག་མཐུན་མངོན་འགྱུར་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡི་ཕྱི་ཕྱོགས་འབྲེལ་བའི་པུའུ་ཡི་འགན་ཁུར་བ་ཕཱ་ལཱ་ནེ་ཨ་ཕན་གྱིས་བསྟན་དོན། བཟོད་སྒོམ་འཕེལ་རྒྱས་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་ཞི་བདེ་ལ་སྲུང་སྐྱོབ་དང་། དར་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར། ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཟི་ཡི་སྤྱི་ཁྱབ་སི་ཀྲང་ཕུའུ་ཅཱ་ཡིས་བསྟན་དོན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབྲེལ་བ་དམ་པོ་ཡོད་པ་དང་། མང་ཚོགས་ཀྱི་སྟོབས་ཤུགས་ཇི་ལྟར་འདོན་སྤེལ་བྱེད་པ་དང་ཞི་བདེ་དང་འཕེལ་རྒྱས་གནད་དོན་ཐག་གཅོད་བྱེད་པའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པའི་རིན་ཐང་ལྡན་ཟེར།

གྲོས་ཚོགས་སྐབས་སུ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་། རིགས་གཞུང་ལས་རིགས། རྒྱལ་ཁབ་སོ་སོའི་གསར་འགྱུར་ལས་རིགས་བཅས་ཀྱི་མི་བརྒྱ་ཕྲག་ལྷག་གྲོས་ཚོགས་ལ་ཞུགས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་འཛུགས་སྐྲུན། ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་ལ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་གྲོས་གཞིར་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།