ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་བརྒྱད་ཉིན་རི་ནེ་ཝ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་རལ་གྱིས་གང་མགྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་མཚམས་བཞག་ནས། སྒེར་ཚུགས་མཉམ་གནས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་དགོས་ཟེར།

ཨ་པཱ་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པ་དེ་མིའི་རིགས་ཀྱི་དེང་རབས་ལོ་རྒྱུས་སྟེང་དུས་ཡུན་ཆེས་རིང་བའི་བཙན་བཟུང་ཞིག་ཏུ་གྱུར་ཡོད། མིག་སྔར། ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་དེ་གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་ཐོག་དང་པོར་དབུས་ཤར་འཐབ་འཁྲུག་བྱུང་བའི་ཚུན་ཆེས་མི་ལེགས་པའི་སྐབས་ཤིག་རེད་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམིགས་བསལ་ལས་ཁུངས་བཙུགས་ནས་ཕཱ་ལེ་སི་ཐན་གྱི་མི་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཁྲིམས་འགལ་བཙན་བཟུང་མཚམས་འཇོག་པར་ཡར་སྐུལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སྔོན་ནས་བཀོད་པའི་གྲོས་མཐུན་བརྩི་སྲུང་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མིས་སྒེར་ཚུགས་ཡིན་ཞིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་ཀྱི་རྨང་གཞིའི་སྟེང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་སུ་འཇུག་དགོས་ཟེར།

ཟླ་འདིའི་ནང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་འདིའི་ཟླ་མགོར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཇེ་དྲག་ཏུ་སོང་ནས། ཕཱ་ལེ་སི་ཐན་གྱི་མི་དྲུག་ཅུ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་ལྷག་ལ་རྨས་ཕོག གཞན་མི་བརྒྱད་ཕྲག་འགའ་འཛིན་བཟུང་བྱས། དབྱི་སི་རལ་ཕྱོགས་ཀྱི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།