ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཧན་གོ་དང་འཇར་པན་གྱི་མགོ་ཁྲིད་པས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྲོས་མོལ་བྱེད་རྒྱུ་རེད། དེ་ནི་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས་པ་རེད།

ཆིན་ཝ་ཐེའི་ཕྱི་འབྲེལ་བདེ་སྲུང་གི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཅིན་ཁོས་ཞན་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧན་གོ་དང་ཀྲུང་གོ། འཇར་པན་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཧྲིག་ཨར་ནས་བསྡུ་རྒྱུ་ཡིན་པ་དང་། ཧན་གོ་དང་འཇར་པན་གྱི་མགོ་ཁྲིད་པའི་གྲོས་མོལ་ཡང་སྐབས་ཐོག་དེར་སྤེལ་རྒྱུ་རེད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་། ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར།

འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་ཅིན་ཁོས་ཞན་གྱིས་བཤད་རྒྱུར། ཚོད་དཔག་བྱས་ན་ཕྱོགས་གཉིས་ཀྱིས་འདོད་སེལ་བུད་མེད་ཀྱི་གནོད་ཐེབས་མཁན་གྱི་གནད་དོན་སོགས་རྒྱལ་ཁབ་གཉིས་བར་ཐག་གཅོད་བྱས་མེད་པའི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད་ཟེར།

ཆིན་ཝ་ཐེ་ཡིས་ད་རུང་བསྟན་དོན། ཕེའོ་ཅིན་ཧོས་དང་ཨན་པའེ་ཅིན་སན་གཉིས་ཀྱིས་མཉམ་དུ་ཁ་ཟས་སུ་རོལ་བར་བཀོད་སྒྲིག་བྱས་མེད་ཟེར།

དེ་ལས་གཞན་ཧན་གོ་དང་ཀྲུང་གོ། འཇར་པན་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྐོར་ནས་ཅིན་ཁོས་ཞན་གྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ། འཇར་པན་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ལོ་གསུམ་ལྷག་འགོར་རྗེས་ཡང་བསྐྱར་སྤེལ་བ་ཡིན་པས་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་དཔལ་འབྱོར་དང་། སྤྱི་ཚོགས། རྒྱུན་མཐུད་འཕེལ་རྒྱས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་མང་བོའི་དོན་དངོས་མཉམ་ལས་ཇུས་གཞིའི་ཐད་ནས་གྲོས་བསྡུར་གཏིང་ཟབ་ཏུ་སྤེལ་རྒྱུ་མ་ཟད། ཨེ་ཤ་ཡཱའི་བྱང་ཤར་གྱི་གནས་བབ་དང་ས་ཁོངས་ཀྱི་མཉམ་ལས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།