ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། གཟའ་འཁོར་འདིའི་ནང་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་ཝེ་ཡེ་ནཱའི་ཕྱོགས་མང་བོའི་གྲོས་མོལ་དེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་གོ་སྐབས་བཟང་བོ་འདོན་སྤྲོད་བྱེད་ཐུབ་པའི་རེ་བ་ཡོད་ཟེར།

ཁི་ལེ་ཡིས་ཁཱ་ནེ་ཅི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཛོགས་པ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐར་ལམ་འཚོལ་ཞིབ་བྱེད་པ་ལས་སླ་མོ་ཞིག་མིན། བྱེད་ཐབས་ཀྱིས་འུ་ཚོ་བཙལ་མི་སྲིད་ཀྱང་། ཝེ་ཡེ་ནཱའི་ཕྱོགས་མང་བོའི་གྲོས་མོལ་དེས་སི་རི་ཡཱའི་ཆབ་སྲིད་ཐད་སྔར་ལས་རེ་བ་ཡོད་པའི་གོ་སྐབས་འདོན་སྤྲོད་བྱེད་ཐུབ་ངེས་རེད་ཟེར།

ཁི་ལེ་ཡིས་ཉིན་དེའི་གཏམ་བཤད་ལས་གཙོ་བོ་སི་རི་ཡཱའི་ཉམས་ཉེན་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་གླེང་། ཁོས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱེད་པར་ཐོག་མར་སི་རི་ཡཱའི་འཐབ་འཁྲུག་མཇུག་སྒྲིལ་དགོས། དེ་ནི་ཨ་མེ་རི་ཁའི་དམིགས་འབེན་ཡིན་ཟེར།

ཁི་ལེ་ཉིན་དེའི་དགོང་མོར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སོང་ནས་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཕྱོགས་མང་བོའི་གྲོས་མོལ་ལ་ཞུགས་པར་ཆས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།