ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཙུང་ལི་སཱ་ལི་ཡེ་ཧྥུའུ་གཙོ་ཡིན་པའི་སྲིད་གཞུང་གཏོར་རྒྱུ་ཡིན་ཟེར། ཙུང་ཐུང་གི་བཀའ་རྒྱ་ལྟར་ན། སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་རག་བར་སཱ་ལི་ཡེ་ཧྥུའུ་དང་དེའི་སྲིད་གཞུང་གི་ཁོངས་མི་སོ་སོས་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད། ཅིར་ཅི་སི་སི་ཐན་གྱིས་ཟླ་བཅུ་བའི་ཚེས་བཞི་ཉིན་ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་རེད། སྐབས་གསར་བའི་གྲོས་ཁང་གྲོས་ཚོགས་ཐོག་མ་དེ་ཚེས་ཉེར་བརྒྱད་ཉིན་སྤེལ་བ་རེད། རྒྱུན་སྲོལ་ལྟར་ན། ད་ལྟའི་སྲིད་གཞུང་གཏོར་རྗེས་སྐབས་གསར་བའི་སྲིད་འཛིན་མནའ་འབྲེལ་དང་སྲིད་གཞུང་བསྐྱར་འཛུགས་བྱེད་དགོས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།