ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་བདུན་ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བཅུ་བ་བསྡུས་ཏེ། འདེམ་ཤོག་མང་ཤོས་འཐད་པ་བྱུང་བའི་གནས་ཚུལ་འོག་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་ངེས་པར་དུ་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་ཉེར་བཞི་བར་རིགས་མཐུན་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་རེད།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་ཁྲོད་ཀྱི་བརྒྱ་དང་གོ་གཅིག་འཐད་པ་བྱུང་བ་དང་། ཨ་མེ་རི་ཁ་དང་དབྱི་སི་རལ་གཉིས་ཀྱིས་ངོ་རྒོལ་བྱས། སྔོན་ཆད་དང་མི་འདྲ་བ་ནི་སྔོན་ཆད་ལོ་མང་བོར་དབང་ཆ་སྐྱུར་བའི་རྒྱལ་ཁབ་རེ་འགས་ད་ལོར་ཡིད་འཐད་ཡིན་པའི་འདེམ་ཤོག་འཕང་བ་རེད།

སྔོན་ཆད་དང་མི་འདྲ་བ་ནི་ཨ་མེ་རི་ཁ་དང་ཁུ་པཱས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བའི་འཕེལ་རིམ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་དངོས་སུ་སླར་གསོ་བྱུང་། ཟླ་སྔོན་མའི་ཚེས་བཅོ་བརྒྱད་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཁུ་པཱའི་སྲིད་ཇུས་ཇེ་ལྷོད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

འགྱུར་ལྡོག་དེ་འདྲ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་གྲོས་མཐུན་བཀོད་པའི་གྲོས་ཆོད་ནང་ཡང་མངོན་ཡོད། གྲོས་ཆོད་ལས་ཁུ་པཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པར་དགའ་བསུ་ཞུས་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གིས་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་བཟོ་བར་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན་པར་ཡང་དོ་སྣང་བྱེད་བཞིན་ཡོད་ཟེར།

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། ཨ་མེ་རི་ཁའི་སྐྱེལ་འདྲེན་བཀག་སྡོམ་གྱི་སྲིད་ཇུས་བསྒྱུར་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།