ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་ཕྱི་ཕྱོགས་དཔལ་འབྱོར་དང་ཕྱི་འབྲེལ་པུའུ་ཡི་བློན་ཆེན་ཞི་ཡཱ་ཨར་ཐའོ་ཡིས་ཚེས་ཉེར་བདུན་ཉིན་པུའུ་ཏཱ་ཕའེ་སི་ནས་བཤད་རྒྱུར། ཨུ་རུ་སིའི་བར་གྱི་དངོས་གཉེར་མཉམ་ལས་བསྐྱར་འཛུགས་བྱེད་པ་དེ་ཧང་ག་རི་དང་ཡོ་རོབ་གླིང་ཧྲིལ་བོར་མཚོན་ན་གལ་འགངས་ཧ་ཅང་ཆེ། མིག་སྔའི་ཆབ་སྲིད་སྣང་ཚུལ་དེ་ཡོ་རོབ་གླིང་དང་ཨུ་རུ་སིའི་མཉམ་ལས་ལ་མི་ཕན་ཡང་། མཉམ་ལས་མ་བྱས་ན་ཡོ་རོབ་གླིང་གི་འགྲན་རྩོད་ནུས་པ་སླར་གསོ་བྱེད་མི་སྲིད་ཟེར།

ཞི་ཡཱ་ཨར་ཐའོ་ཡིས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཁུའུ་ཨར་སི་ཁི་ཀྲིག་གི་ཀྲིག་ཀྲང་མུས་ཧཱ་དབྱེ་ལོ་ཧྥུའུ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད།

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། ཡོ་རོབ་གླིང་གིས་མེན་སི་ཁིའི་གྲོས་མཐུན་གསར་བ་དངོས་འབེབ་བྱས་རྗེས་ཡོ་རོབ་གླིང་དང་ཨུ་རུ་སིའི་དཔལ་འབྱོར་དངོས་གཉེར་མཉམ་ལས་ལ་སྒུལ་ཤུགས་གསར་བ་རྒྱས་སུ་འཇུག་དགོས་པ་དང་། དེ་ནི་ཡོ་རོབ་གླིང་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཐུན་མོང་གི་ཁེ་ཕན་དང་འབྲེལ་ཡོད། གྲོས་མཐུན་དངོས་འབེབ་བྱེད་པའི་བརྒྱུད་རིམ་ཁྲོད། ས་ཁུལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཆོག་ཟེར།

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། ལོ་གཉིས་ཀྱི་སྔོན་ཨུ་རུ་སི་ནི་ཧང་ག་རིའི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་པ་དང་། ད་ལྟ་ཨང་བཅུ་བཞི་བར་གྱུར་འདུག སྐབས་ཐོག་འདིའི་ནང་ཧང་ག་རིའི་ཁེ་ལས་ཀྱི་ཕྱི་གཏོང་ཉོ་ཚོང་གོ་སྐབས་ཐད་མེ་སྒོར་ཐེར་འབུམ་གཉིས་ཀྱི་གྱོང་གུད་ཐེབས་ཡོད་ཟེར།

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། གནས་ཚུལ་འདི་འདྲའི་འོག ས་གནས་མཉམ་ལས་ཀྱི་གལ་ཆེན་རང་བཞིན་ཇེ་དྲག་ཏུ་སོང་། དེ་བས་ཧང་ག་རི་ཡིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་ཀྲིག་བར་གྱི་དཔལ་འབྱོར་མཉམ་སལ་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་ཡོད། མཉམ་ལས་དེ་གཙོ་བོ་ཞིང་ལས་དང་སྨན་བཅོས་གནས་སྐོར། མཐོ་རིམ་སློབ་གསོ། ཉིང་རྡུལ་ནུས་པ་བཅས་ཁྱབ་ཁོངས་བཞིར་འབྲེལ་ཡོད་ཟེར། ཁོས་ཧང་ག་རི་ཡིས་ད་རུང་ཨུ་རུ་སིའི་ཀྲིག་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་རྩིས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།