ཨ་ཧྥུའུ་ཧན་གྱི་ཕན་ཅེ་ཞི་ཨར་ཞིང་ཆེན་གྱི་པཱ་ཀྲ་ལཱ་ཁི་ས་ཁུལ་དུ། ས་དེའི་སྡོད་དམངས་ཀྱིས་ས་འགུལ་ཁྲོད་རྡིབས་པའི་ཁང་བར་རྟོག་ཞིབ་བྱེད་བཞིན་པ།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཨ་ཧྥུའུ་ཧན་གྱི་ཅཱ་ལཱ་ལཱ་པཱ་ཏི་ནས། རྒུད་སྐྱོབ་མི་སྣས་ས་འགུལ་ཁྲོད་རྨས་ཕོག་པའི་བུ་མོ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཕཱ་ཁི་སི་ཐན་གྱི་པཱ་ཧྲ་ཝ་ནས། མི་རྣམས་ཀྱིས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་བེམ་པོ་སྨན་ཁང་དུ་སྐྱེལ་བཞིན་པ།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱ་གར་གྱི་ཀུའུ་ཨར་ཀང་ནས། གྲོང་ཁྱེར་སྡོད་དམངས་དག་ས་འགུལ་བྱུང་རྗེས་ཕྱི་རོལ་དུ་ཡོང་ནས་ཉེན་ཁར་ཡོལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་དྲུག་ཉིན་ཨ་ཧྥུའུ་ཧན་བྱང་ཤར་ཕྱོགས་ཀྱི་རི་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་དྲག་པོ་བྱུང་སྟེ། ཨེ་ཤ་ཡཱ་ལྷོ་མའི་ས་ཁུལ་མང་ཆེ་བར་ས་འགུལ་གྱི་ཚོར་སྣང་བྱུང་། ས་འགུལ་དེ་ལས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར། ས་འགུལ་གྱི་ཤན་ཤུགས་ཐེབས་པའི་ས་ཁུལ་ཁྲོད། ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་རྒྱལ་ས་ཕཱ་ཁི་སི་ཐན་ལ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་ཡིན་ལ། ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་མི་ཉིས་བརྒྱ་དང་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར། ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་ཚད་འཇལ་བྱས་པ་ལྟར་ན། ཐེངས་འདིའི་ས་འགུལ་ལས་མི་བརྒྱ་ནས་སྟོང་གཅིག་ཙམ་རྐྱེན་ལམ་དུ་ཤོར་སྲིད་པ་དང་། ཞོར་དུ་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས་སྲིད་ཟེར།

ས་འགུལ་བྱུང་སྐབས་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དང་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ཐན་པོར། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ། ཀྲུང་གོའི་ཞིན་ཅང་གི་ཁཱ་ཧྲི་དང་ཨ་ཁི་སུའུ་སོགས་ས་ཁུལ་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་ཡོད་པ་རེད།

ཐེངས་འདིའི་ས་འགུལ་བྱུང་ས་གཙོ་བོ་ཨ་ཧྥུའུ་ཧན་གྱི་ཕཱ་ཁི་སི་ཐན་དང་ཉེ་བའི་མཐའ་མཚམས་ས་ཁུལ་ཡིན་པ་དང་། ས་འགུལ་བྱུང་ས་དེ་ཅུང་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ200ལྷག་ཡོད་ཟེར། ས་འགུལ་བྱུང་སྐབས། ཨ་ཧྥུའུ་ཧན་གྱི་ཁཱ་པོར་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་ཡོད་པ་དང་། སྐར་མ་གཅིག་རིང་ཁང་བ་སོགས་འདར་འགུལ་དྲག་པོ་བྱུང་ཡོད་ལ། གློག་ཤུགས་དང་ལག་འཁྱེར་གྱི་བརྡ་རྟགས་མཚམས་ཆད་པ་དང་། ཁང་བ་རེ་འགར་གས་སྲུབས་བྱུང་ཡོད་ཟེར།

ཐེངས་འདིའི་ས་འགུལ་ནི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ནེ་པཱ་ལཱའི་ས་འགུལ་ཆེན་མོའི་རྗེས་སུ། ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་ནས་བྱུང་བའི་ས་འགུལ་དྲག་པོ་ཐེངས་གཉིས་པ་རེད། ནེ་པཱ་ལཱའི་ས་འགུལ་ཆེན་མོ་ལས་མི་སྟོང་དགུ་ཙམ་གྱི་ཚེ་སྲོག་ཤོར་བ་དང་། དམངས་ཀྱི་སྡོད་ཁང་མང་བོར་གཏོར་བཤིག་ཐེབས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།