ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་ཕྱི་རྒྱལ་ཁབ་གྱི་དམག་དོན་བཟོ་ལས་མཉམ་ལས་ཐད་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་དང་ཕྱི་རྒྱལ་གྱི་དམག་དོན་ལག་རྩལ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཡོངས་ཀྱི་དམག་དོན་བཟོ་ལས་ཚོང་རའི་འགྲན་རྩོད་སྔར་ལས་ཛ་དྲག་ཆེ་བ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ལ་བཀག་སྡོམ་བྱས་པ་དང་ནུབ་ཕྱོགས་རྒྱལ་ཁབ་རེའ་འགའི་དམག་དོན་བཟོ་ལས་ཀྱི་ངན་སེམས་བཅངས་པའི་འགྲན་རྩོད་དབང་གིས་ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་ཀྱིས་བྱ་བ་སྤེལ་བར་དཀའ་ཁག་ཆེན་པོ་བྱུང་ཡོད། ཡིན་ན་ཡང་ཨུ་རུ་སི་ཡིས་མུ་མཐུད་དུ་ཕྱི་རྒྱལ་བར་གྱི་དམག་དོན་བཟོ་ལས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཁོས་བཤད་རྒྱུར། ཨུ་རུ་སིའི་མིག་སྔའི་མཚོན་ཆ་ཕྱིར་གཏོང་གི་མངག་ཉོའི་གྲངས་འབོར་མེ་སྒོར་ཐེར་ཆེན་ལྔ་ཙམ་ཡིན་པ་དང་། མུ་མཐུད་དུ་མངག་ཉོའི་རྩིས་ཐོ་ཇེ་མང་དུ་གཏོང་བ་ནི་ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་འཕེལ་རྒྱས་ཀྱི་མཛུབ་སྟོན་རྩ་དོན་གལ་ཆེན་ཞིག་ཡིན། ཨུ་རུ་སི་ཡིས་ད་རུང་མུ་མཐུད་དུ་ཕྱི་རྒྱལ་བར་གྱི་དམག་དོན་བཟོ་ལས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་གྱིས་མཚོན་ཆ་དང་སྒྲིག་ཆས་ཞིབ་འཇུག་གསར་བཟོ་བྱེད་པ་དང་ཕྱི་རྒྱལ་གྱི་ཆེད་མཁས་པས་བཀོལ་སྤྱོད་བྱེད་པར་གསོ་སྦྱོང་བྱེད་པ། ཨུ་རུ་སི་ཡིས་བཟོས་པའི་མཚོན་ཆ་དང་སྒྲིག་ཆས་ཀྱི་བདག་སྐྱོང་དང་ཞིག་གསོ་སོགས་འདུས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། མཚོན་ཆ་དང་སྒྲིག་ཆས་ཀྱི་འགྲེམ་སྟོན་རྒྱ་ཆེན་སྤེལ་བ་ནི་ཨུ་རུ་སིའི་མཚོན་ཆའི་མཚན་སྙན་ཇེ་མཐོར་གཏོང་བ་དང་ཨུ་རུ་སིའི་མཚོན་ཆའི་ཕྱིར་གཏོང་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།