ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་དམངས་ཀྱི་འདོད་བློར་བརྟག་དཔྱད་བྱེད་པའི་ལས་ཁུངས་ཀྱིས་ཕོ་ལན་ཡན་ལག་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པའི་དམངས་ཀྱི་འདོད་བློ་ལྟར་ན། ཕོ་ལན་གྱི་ཆེས་ཆེ་བའི་ངོ་རྒོལ་ཏང་བཅའ་ཁྲིམས་དང་དྲང་བདེན་ཏང་གིས་ཉིན་དེར་སྤེལ་བའི་གྲོས་ཁང་འདེམ་བསྐོའི་ཁྲོད་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་སོ་དགུ་ལྷག་ལ་བསླེབ་པ་དང་། གྲོས་ཁང་གི་ཏང་ཁག་ཆེན་པོ་དང་པོར་གྱུར། བཅའ་ཁྲིམས་དང་དྲང་བདེན་ཏང་གི་ཀྲུའུ་ཞི་ཁཱ་ཆན་སི་ཅི་ཡིས་འདེམ་ཤོག་འཕེན་པའི་བྱ་བ་མཇུག་སྒྲིལ་རྗེས་འདེམ་དམངས་ཀྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སྐབས་གསར་བའི་སྲིད་གཞུང་གིས་ཕོ་ལན་སྔར་ལས་སྟོབས་ལྡན་དུ་གཏོང་ཐུབ་པའི་ཚུལ་བསྟན། ཕོ་ལན་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་འདེམ་ཤོག་འཕང་བའི་མཇུག་འབྲས་གཞིར་བཟུང་སྟེ་གྲོས་ཁང་དུ་ཞུགས་པའི་ཐོབ་ཐང་ཡོད་པའི་ཏང་ཁག་ཁྱབ་སྒྲོག་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།