ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་དབུས་མ་དང་པཱ་ཨར་ཀན་ས་ཁུལ་གྱི་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་ཉེར་ལྔ་ཉིན་པུའུ་ལུའུ་སེར་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། མིག་སྔར་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས།

པུའུ་ལུའུ་སེར་ནས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་འབོད་སྐུལ་བཏང་སྟེ། རྒྱལ་ཁབ་སོ་སོས་རྙོག་འཛིང་གི་གནས་ཚུལ་འོག་ཏུ་གནས་སྤོར་སྡོད་དམངས་དག་ཁྱིམ་མཚེས་རྒྱལ་ཁབ་ཏུ་འགྲོ་རུ་འཇུག་མི་རུང་བའི་རེ་བ་བཏོན།

ཐེངས་འདིའི་བྲེལ་མྱུར་གྲོས་ཚོགས་སུ་ཞུགས་མཁན་ལ་ཨོ་སི་ཁྲུ་རི་ཡཱ་དང་། པུར་ཀ་རི་ཡཱ། ཁི་ལོ་ཏི་ཡཱ། མཱ་ཆི་ཏོན། འཇར་མན། ཞི་ལཱ། ཧང་ག་རི། རོ་མཱ་ནི་ཡཱ། སེར་ཝེ་ཡཱ། སི་ལོ་ཝུན་ནེ་ཡཱ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཡོད། ཐུར་ཁེ་ཞུགས་མེད་པས་ཚང་མ་དོགས་པ་ཟ་བཞིན་ཡོད །  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།