ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བཞིའི་ཉིན་གྱི་ཕྱི་དྲོར་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་རྒྱལ་ཁབ་དེའི་ཙུང་ཐུང་ལཱ་ཧི་མིན་དང་གྲོས་མོལ་བྱས་ཏེ། ཞིང་ལས་རོགས་སྐྱོར་དང་ཆུ་འདོན་སྒྲིག་ཆས་སོགས་རྨང་གཞིའི་འཛུགས་སྐྲུན་ཐད་བསྡོམས་པས་འཇར་སྒོར་དུང་ཕྱུར་དགུ་འདོན་སྤྲོད་བྱས་ཏེ་སྲིད་གཞུང་གི་གསར་སྤེལ་རོགས་སྐྱོར་བྱེད་པར་གཅིག་གྱུར་འཐད་པ་བྱུང་། གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་སོགས་ནང་དོན་འདུས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ།

བསྒྲགས་པ་ལྟར་ན། དེ་ནི་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཐོག་དང་པོར་ཐཱ་ཅི་ཁི་སི་ཐན་དུ་འཚམས་འདྲི་བྱས་པ་རེད། ཨན་པའེ་ཅིན་སན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། མཉམ་ལས་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གསལ་སྒྲོག་ནང་བསྟན་དོན། མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་མངོན་གསལ་གྱིས་བསྟན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་ད་རུང་ནག་དངུལ་དཀར་བསྒྱུར་ལ་སྔོན་འགོག་བྱེད་པར་བརྡ་འཕྲིན་བརྗེ་རེས་བྱེད་རྒྱུ་ཁས་ལེན་བྱས།

ཞིང་ལས་རོགས་སྐྱོར་ཐད་ནས་གསལ་སྒྲོག་ནང་དུ་ཞིང་ལས་ཀྱི་གནོད་འབུའི་སྔོན་འགོག་བྱེད་ཐབས་གསལ་བོར་བྲིས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་དང་ལག་རྡང་སྦྲེལ་ནས་གཞི་རྒྱ་ཆེ་བའི་གནོད་འབུའི་གནོད་པར་རྟོག་ཞིབ་དང་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་གྱི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་འགྲུལ་བཞུད་ཁྲོད། ཐཱ་ཅི་ཁི་སི་ཐན་ནི་ས་ཚིགས་གཉིས་པ་ཡིན་ལ། ཨན་པའེ་ཅིན་སན་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བསྡད་དེ་ཝུའུ་ཙི་པེ་ཁི་སི་ཐན་དུ་སོང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།