ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་གྲོས་ཁང་ཞོལ་མས་ད་ལོའི་ཟླ་བཞི་བར་གྲོས་མཐུན་བཀོད་པའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་སྐབས་སུ་སྲོག་ཐར་ལ་གཏོང་བའི་བྱ་འགུལ་སྤེལ་རྒྱུའི་ཐག་བཅད། འཆར་གཞི་ལྟར་ན་ཟླ་ངོ་དྲུག་གི་དུས་ཚོད་དགོས་པ་རེད། མིག་སྔར་ཧ་ལམ་མཇུག་སྒྲིལ་ལ་ཉེ། ཨུ་རུ་སིའི་ཁྲིམས་འཛིན་པུའུ་ཡི་ཁོངས་སུ་གཏོགས་པའི་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཆད་གཅོད་ལག་བསྟར་ཅུའུ་ཡིས་ཟླ་འདིའི་ཚེས་ཉེར་བདུན་ཉིན་ཆེས་མཇུག་མཐའི་སྲོག་ཐར་ལ་གཏོང་བའི་མི་སྣའི་ཁ་གྲངས་ཁྱབ་སྒྲོག་བྱེད་རྒྱུ་རེད། ཚོད་དཔག་བྱས་ན་མཇུག་མཐར་མི་འབུམ་གཉིས་དང་ཁྲི་གཉིས་སྟོང་ལྔ་སྲོག་ཐར་ལ་གཏོང་བའི་ཆ་རྐྱེན་དང་འཚམ་ངེས་རེད་ཟེར། བསྒྲགས་པ་ལྟར་ན། ཐེངས་འདིའི་སྲོག་ཐར་ལ་གཏོང་བའི་བྱ་འགུལ་དེ་ནི་ཨུ་རུ་སིའི་ཉེ་བའི་ལོ་ངོ་བཅོ་ལྔའི་རིང་གཞི་རྒྱ་ཆེས་ཆེ་བའི་ཐེངས་ཤིག་རེད། དེའི་སྔོན་གསར་འགྱུར་ལས་རིགས་ལ་ལས་བསྟན་དོན། ཐེངས་འདིའི་སྲོག་ཐར་ལ་གཏོང་བའི་བྱ་འགུལ་དེ་མི་འབུམ་གསུམ་དང་ཁྲི་ལྔ་ནས་མི་འབུམ་བཞི་ལ་འབྲེལ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།