资料图片:日本防卫大臣中谷元.jpg
འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཀྲུང་ཀུའུ་ཡོན་གྱི་རྒྱུ་ཆའི་པར་རིས།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོར་འཚམས་འདྲི་བྱེད་བཞིན་པའི་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཀྲུང་ཀུའུ་ཡོན་གྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཁོས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་དེའི་རྒྱལ་སྲུང་བློན་ཆེན་ཕའེ་ཅིན་དང་གྲོས་མོལ་བྱས་ཏེ། ཟླ་དགུ་བར་བཙུགས་པའི་འཇར་པན་བདེ་སྲུང་གི་འབྲེལ་ཡོད་བཅའ་ཁྲིམས་ཐད་ནས་མཚམས་སྦྱོར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།

   ཀྲུང་ཀུའུ་ཡོན་གྱིས་ཧྲིག་ཨར་གྲོང་ཁྱེར་གྱི་མགྲོན་ཁང་ནས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཕའེ་ཨིན་དང་ལྷག་བསམ་རྣམ་དག་གིས་བསམ་འཆར་བརྗེ་རེས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

   འཇར་པན་རྒྱལ་སྲུང་པུའུ་ཡི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལས་ཁུངས་དེས་མིག་སྔར་འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་གསྲུང་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་བར་བསམ་བློ་གཏོང་གིན་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།