ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་གི་གནམ་གྲུའི་ཁ་ལོ་བར་བཀའ་རྒྱ་འབྱོར་བ་ལྟར་ན། གལ་ཏེ་ཚེ་སྲོག་གི་འཇིགས་ཉེན་ལ་འཕྲད་ན། དབྱི་རག་གི་མངའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་འཕྲད་ནས་ཕར་རྒོལ་བྱས་ཆོག་པ་རེད་ཟེར།

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གོང་གི་ཆོད་དོན་དེ་འདྲ་བཏོན་པ་ནི་དབུས་ཤར་ས་ཁུལ་གྱི་གནས་བབ་དེ་ཨུ་རུ་སིའི་འགུལ་སྐྱོད་དབང་གིས་སྔར་ལས་ཇེ་སྡུག་ཏུ་སོང་བས་རེད་ཟེར། བཅར་འདྲི་དང་ལེན་བྱེད་པའི་མི་སྣས་བསྟན་དོན། གནམ་གྲུ་མགྱོགས་མྱུར་ངང་འཕུར་བསྐྱོད་བྱེད་སྐབས་མཁའ་ཁོངས་ནས་འཚང་ཁ་བྱུང་ནས་ཐོ་རྒྱག་པའི་ཉེན་ཁ་དང་ཨུ་རུ་སིའི་གནམ་གྲུའི་ཁ་ལོ་བར་རྨས་སྐྱོན་བཟོ་སྲིད་ཟེར།

བསྒྲགས་པ་ལྟར་ན། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱི་རེ་བ་བཏོན་པ་ལྟར། ཨུ་རུ་སིའི་མཁའ་དམག་གིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ནས་བཟུང་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་། ཨུ་རུ་སིའི་གྲུ་གཟིངས་རུ་ཁག་གིས་ད་རུང་གྲུ་གཟིངས་བཞིའི་སྟེང་ནས་སི་རི་ཡཱ་རུ་རྒྱང་འཕེན་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་རེད། ཨུ་རུ་སིའི་དབང་འཛིན་ལས་ཁུངས་ཀྱིས་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་ས་ངོས་འགུལ་སྐྱོད་ལ་ཞུགས་རྩིས་མེད་ཟེར།

图为俄罗斯空军的伊尔-78运输机,正在为图-95轰炸机加油,四周的护航机为米格-29。.jpg

པར་འདི་ནི་ཨུ་རུ་སིའི་མཁའ་དམག་གི་དབྱེ་ཨར-78རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུས་ཐུའུ-95རྟགས་ཅན་གྱི་འགས་གཏོར་གནམ་གྲུར་སྣུམ་སྣོན་པའི་ཚུལ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།