资料图:韩国总统朴槿惠。.jpg

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རྒྱུ་ཆའི་པར་རིས།

韩国总统朴槿惠。.jpg

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཆིན་ཝ་ཐེའི་ཕྱི་འབྲེལ་བདེ་སྲུང་གི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཀྲུའུ་ཐིས་ཅི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་གདན་དྲངས་པ་ལྟར། ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཚེས་བཅུ་དྲུག་ཉིན་ཨོ་པཱ་མཱ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཀྲུའུ་ཐིས་ཅི་ཡིས་མཚམས་སྦྱོར་བྱས་དོན། ཕེའོ་ཅིན་ཧོས་ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁར་བསླེབ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཀྱི་དངོས་གཞིའི་ཉིན་རིམ་ཐོག་མ་ནི་ཚེས་བཅུ་བཞིའི་ཉིན་ཝ་ཧྲིན་ཏོན་གྱི་ཧན་གོའི་འཐབ་འཁྲུག་རྗེས་དྲན་རྡོ་རིང་ལ་མེ་ཏོག་འབུལ་བ་དང་། དེའི་རྗེས་སུ་མོས་ཨ་མེ་རི་ཁའི་མཁའ་འགྲུལ་སྤྱི་ཁྱབ་ཁང་གི་ཀི་ཏཱ་མཁའ་འགྲུལ་ལྟེ་གནས་སུ་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་མི་སྣ་དང་མཉམ་དུ་ཧན་གོ་དང་ཨ་མེ་རི་ཁས་མཁའ་འགྲུལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། ཉིན་དེར་ཕེའོ་ཅིན་ཧོས་ད་རུང་ཧན་གོ་དང་ཨ་མེ་རི་ཁའི་མཐོ་གསར་ཐོན་ལས་མཉམ་ལས་གླེང་སྟེགས་དང་ཧན་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་མཚན་མོ་ཞེས་པའི་དགོང་ཚིགས་གསོལ་སྟོན་ལ་ཞུགས་རྒྱུ་རེད། ཚེས་བཅོ་ལྔ་ཉིན་ཕེའོ་ཅིན་ཧོས་ཀྱིས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ལ་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་ཕྱོགས་དང་མཉམ་དུ་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་འགོག་སྲུང་རྣམ་པར་ལྟ་ཞིབ་བྱེད་རྒྱུ་རེད། ཁོ་མོ་ནི་སྔོན་ཆད་ཀྱི་ཙུང་ལི་ལིས་མེན་པའོ་ཡི་རྗེས་ནས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ལ་འཚམས་འདྲི་བྱས་པའི་ཧན་གོའི་ཙུང་ཐུང་གཉིས་པར་འགྱུར་སྲིད། ཉིན་དེའི་ཕྱི་དྲོར་མོ་ཧན་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ལས་རིགས་ཀྱི་སྒོར་ཅོག་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད། ཨ་མེ་རི་ཁའི་འཐབ་ཇུས་རྒྱལ་སྤྱིའི་གནད་དོན་གྱི་ཞིབ་འཇུག་ཁང་ལ་འཚམས་འདྲི་བྱས་ཏེ། ཧན་གོའི་ཕྱི་འབྲེལ་བདེ་སྲུང་སྲིད་ཇུས་བརྗོད་སྙིང་དུ་བཟུང་ནས་གཏམ་བཤད་སྤེལ་རྒྱུ་རེད། ཉིན་དེའི་དགོང་མོར་ཕེའོ་ཅིན་ཧོས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་མགོག་འཛིན་བྱེད་པའི་དགོང་ཚིགས་གསོལ་སྟོན་ལ་ཞུགས་རྒྱུ་རེད་ཟེར།

ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་ཆེས་མཇུག་མཐའི་ཉིན་མོ་སྟེ་ཚེས་བཅུ་དྲུག་ཉིན། ཕེའོ་ཅིན་ཧོས་ཀྱིས་ཨོ་པཱ་མཱ་དང་མཉམ་དུ་གྲོས་མོལ་བྱས་ཏེ། ཧན་གོ་དང་ཨ་མེ་རི་ཁ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད། དེའི་ནང་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བའི་འཕེལ་རྒྱས་དང་། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་ལས་ཇུས་གཞི། ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཇུས་གཞི་སོགས་འདུས། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཕེའོ་ཅིན་ཧོས་ཀྱིས་ཐེངས་འདིའི་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། ཧན་གོ་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཇུས་གཞི་འདུས་པའི་ཧན་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མཉམ་འབྲེལ་གནས་ཚུལ་གྱི་གསལ་བཤད་སྤེལ་རྒྱུ་ཡིན་པ་དང་། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་བྱེ་བྲག་གི་ནང་དོན་སོགས་ཀྱི་ཐད་ནས་མཐུན་སྦྱོར་བྱེད་བཞིན་ཡོད། ཧན་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མཉམ་འབྲེལ་གནས་ཚུལ་གྱི་གསལ་བཤད་ནང་ད་རུང་ཧན་གོ་དང་ཨ་མེ་རི་ཁའི་ཁྲའོ་ཞན་དང་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་སྐོར་གྱི་ལངས་ཕྱོགས་སོགས་ཀྱང་འདུས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།