ཟླ་བཅུ་བའི་ཚེས་བཅུ་ཉིན། ཐུར་ཁེའི་ཨན་ཁཱ་ལཱའི་མེ་འཁོར་ས་ཚིགས་ཀྱི་ཉེ་འདབས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུའི་ཉིན་ཨན་ཁཱ་ལཱའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་ཐུར་ཁེའི་ཙུང་ཐུང་ལ་འཚམས་འདྲི་བྱས་པ་དང་། ཐུར་ཁེ་དབང་འཛིན་ལས་ཁུངས་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་ཟེར། ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། འཚམས་འདྲི་བྱེད་སྐབས་ཕུའུ་ཅིན་གྱིས་འདས་པོའི་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱས་པ་དང་། རྨས་མ་ཚང་མ་སྔ་མོར་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཕུའུ་ཅིན་གྱིས་བསྟན་དོན། ཐེངས་འདིའི་ཐ་ཤལ་གྱི་ནག་ཉེས་བཟོ་མཁན་དང་རྩ་འཛུགས་མཁན་ལ་དགོས་ངེས་ཀྱི་ཆད་གཅོད་ཐོབ་དགོས། ཨུ་རུ་སི་ཡིས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་ཆམ་ཕབ་གཏོང་བའི་ཐད་ནས་ཐུར་ཁེའི་དབང་འཛིན་ལས་ཁུངས་དང་རོགས་ལས་ཟབ་མོ་བྱེད་འདོད་ཡོད་ཟེར།

ཅུང་སྔ་བའི་དུས་སུ་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཀྱང་ཐུར་ཁེའི་ཕྱོགས་ལ་འཚམས་འདྲི་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།