ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཡེ་མིན་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཡེ་མིན་མངའ་ཁོངས་སུ་མུ་མཐུད་དུ་སྤེལ་བཞིན་པའི་ས་ངོས་ཀྱི་འཁྲུག་རྩོད་དང་བར་སྣང་གི་འཇབ་རྒོལ་ལས་མི་སེར་དཀྱུས་མར་གནོད་པ་བཟོས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་གཟའ་འཁོར་འགའི་ནང་། ཡེ་མིན་གྱི་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གསུམ་ལྷག་རང་གི་ཁྱིམ་གཞིས་དང་བྲལ་བར་མ་ཟད། མི་སེར་དཀྱུས་མ་མང་བོར་བར་སྣང་འཇབ་རྒོལ་གྱི་གནོད་པ་ཐེབས་ཡོད། ཡེ་མིན་དུ་ཟས་རིགས་དང་སྨན་བཅོས་སོགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པར་བཀག་རྒྱ་ཧ་ཅང་ཆེ་བ་དང་། འཕྲོད་བསྟེན་དང་འཕྲིན་གཏོང་མ་ལག་ཉམས་དམས་སུ་སོང་ཡོད་ཟེར།

ཕན་ཅི་ཝུན་གྱིས་བསྟན་དོན། མི་སེར་དཀྱུས་མ་དང་སྨན་ཁང་། མི་ཆོས་རིང་ལུགས་ཀྱི་དངོས་རྫས་མཛོད་ཁང་སོགས་མི་སེར་དཀྱུས་མའི་སྒྲིག་ཆས་ཀྱི་འཇབ་རྒོལ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་ཟེར། ཁོས་ཕྱོགས་སོ་སོས་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། སྨན་ཁང་སོགས་འཕྲོད་བསྟེན་སྨན་བཅོས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་མཇུག་སྒྲིལ་དགོས་ཟེར།

ཕན་ཅི་ཝུན་གྱིས་ད་རུང་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལས་ཁུངས་ཀྱི་མི་སྣ་དག་བདེ་འཇགས་ངང་ཡེ་མིན་དུ་འགྲོ་བར་འགན་སྲུང་བྱས་ཏེ་དངོས་རྫས་དག་རྒུད་སྐྱོབ་མཁོ་བའི་མི་ལ་སྟེར་དགོས་པའི་འབོད་སྐུལ་བཏང་། ཁོ་ཚོས་ཡེ་མིན་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་བཞག་སྟེ། འཁྲུག་རྩོད་ས་ཁུལ་གྱི་དངོས་རྫས་མཁོ་འདོན་ལ་འགན་སྲུང་བྱས་ནས་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།

མིག་སྔར། ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལ་འབྱོར་བའི་སྙན་ཞུ་ལྟར་ན། ཡེ་མིན་གྱི་ཡཱ་ཏེན་གྲོང་ཁྱེར་གྱི་དྲག་ཤུགས་རྒྱ་ཡན་དུ་སོང་བ་དང་། གྲོང་ཁྱེར་ནང་ཁུལ་གྱི་སྨན་ཁང་གཙོ་བོར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། ཡེ་ཏེན་ཞིང་ཆེན་གྱི་ཆུ་འདོན་ཀུང་ཟིས་མེ་སྒྱོགས་ཀྱི་འཇབ་རྒོལ་ཚབས་ཆེན་ཐེབས་པའི་དབང་གིས་མུ་མཐུད་དུ་བྱ་བ་བསྒྲུབ་ཐབས་མེད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།