ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཧཱ་ཁི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཉིན་དེར་ནེ་པཱ་ལཱ་རུ་འབྱོར་ནས་གནོད་ཐེབས་གནས་ཚུལ་ལ་དཔྱད་འཇོག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་ས་དེར་རྒུད་སྐྱོབ་དངོས་རྫས་བྱིན་པར་མ་ཟད་སྨན་བཅོས་རྒུད་སྐྱོབ་ལ་རོགས་འདེགས་བྱས་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། ཨ་མའོ་སི་ནེ་པཱ་ལཱའི་རྒྱལ་ས་ཀ་ཏི་མན་ཏུའུ་རུ་འབྱོར་བ་དང་། ཀ་ཏི་མན་ཏུའུ་རོང་ཁུལ་མ་གཏོགས་པའི་གནོད་ཐེབས་ས་ཁུལ་གཞན་པར་འཚམས་འདྲིར་བྱེད་པའི་འཆར་གཞི་ཡོད། ཁོ་མོས་བལྟས་ན་རྒུད་སྐྱོབ་དེ་འགྲན་རྩོད་ཆེན་པོར་འཕྲད་ཡོད་པར་འདོད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་མིག་སྔར་ནེ་པཱ་ལཱ་ནས་རྒུད་སྐྱོབ་ལ་རོགས་སྐྱོར་བྱས།

ཧཱ་ཁི་ཡིས་མཚམས་སྦྱོར་བྱས་དོན། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་དེའི་གྲོགས་པོའི་ལས་ཁུངས་ཀྱིས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་ཀའོ་ཨར་ཁཱ་དང་། ཐཱ་ཏེན་རྫོང་དུ་ཟས་རིགས་ཏུན་བརྒྱ་ལྷག་བསྐྱལ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་འདས་པའི་ཉིན་གཉིས་ཀྱི་རིང་རྒུད་སྐྱོབ་དངོས་རྫས་ཏུན་སུམ་ཅུ་ལྷག་སྐྱེལ་འདྲེན་བྱས་པ་དང་། དེའི་ནང་རས་གུར་དང་འཐུང་ཆུ་གཙང་མ། མྱུར་སྐྱོབ་འཕྲོད་བསྟེན་ཡོ་བྱད་སོགས་འདུས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀ་ཏི་མན་ཏུའུ་རོང་ས་མ་གཏོགས་པའི་ས་ཁུལ་གཞན་པའི་སྨན་བཅོས་རོགས་སྐྱོར་ལ་ཤུགས་སྣོན་བྱས་པར་མ་ཟད། གནོད་ཐེབས་ས་ཁུལ་གཙོ་བོ་ཞིན་ཏུའུ་ཕཱ་ཨར་ཆའོ་ཁིའི་རྒྱལ་ཁབ་སོ་སོའི་སྨན་བཅོས་རྒུད་སྐྱོབ་རུ་ཁག་གི་བྱ་བར་མཐུན་སྦྱོར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། མཐའ་འཁོབ་ཀྱི་གནོད་ཐེབས་ས་ཁུལ་རེ་འགར་ད་རུང་བགྲོད་ཐབས་མེད། མིག་སྔར་རྒུད་སྐྱོབ་ཐད་ལྷགས་པའི་དཀའ་ཁག་གཙོ་བོ་ནི་གྱེན་འཕུར་གནམ་གྲུ་དཀོན་པ་དང་། འཕྲིན་གཏོང་ཆ་རྐྱེན་ཞན་པ། བདེ་འཇགས་གནད་དོན་སོགས་རེད་ཟེར།

ནེ་པཱ་ལཱའི་སྲིད་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ནེ་པཱ་ལཱ་ནས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་བྱུང་བའི་ས་འགུལ་དྲག་པོའི་འཇིགས་པ་ལས་མི་སྟོང་ལྔ་དང་དྲུག་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲིག་གཅིག་དང་སྟོང་གཅིག་ལ་རྨས་ཕོག་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།