ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གྲོས་ཁང་ཚང་འཛོམས་གྲོས་ཚོགས་ནས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་གྲོས་ཆོད་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཆར་གཞི་གཏན་འབེབས་བྱས་ཏེ། ཁུན་ནེ་ཡཱའི་གསོ་སྐྱོང་དམག་དཔུང་དང་ཉེན་རྟོག་པར་རོགས་རམ་བྱས་ཏེ། སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་གི་གདུག་རྩུབ་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་རྩ་འཛུགས་དེས་རྒྱ་བསྐྱེད་པར་བཀག་འགོག་བྱེད་དགོས་ཟེར།

གྲོས་ཆོད་ལས་བཤད་རྒྱུར། ཟླ་འདིའི་ན་གཞོན་ཏང་གིས་སྤེལ་བའི་ཁུན་ནེ་ཡཱའི་སློབ་ཆེན་ཞིག་གི་འཇིགས་སྐུལ་འཇབ་རྒོལ་ལས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མགྱོགས་སྒོས་དམག་དོན་འགུལ་སྐྱོད་ཀྱི་རོགས་སྐྱོར་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། ཁུན་ནེ་ཡཱ་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མི་སྣའི་གསོ་སྦྱོང་ཙམ་མ་ཡིན་པར་ཁོ་ཚོར་སྔོན་ཐོན་གྱི་སྒྲིག་ཆས་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཆོད་ལས་དམིགས་སུ་བཀར་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་མཉམ་ལས་བྱས་ཤིང་ཁུན་ནེ་ཡཱ་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ནས། ཁུན་ནེ་ཡཱ་སོགས་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་དགོས། དབུལ་ཕོངས་ནི་འཇིགས་སྐུལ་ལས་བྱུང་བ་ཡིན་པས་རྩ་བ་ནས་ཐག་གཅོད་བྱས་ན་ད་གཟོད་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།