ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་ཀྱི་མཐའ་སྲུང་དམག་དཔུང་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པ་དང་འཁྲུག་རྩོད་དྲག་པོ་བྱས་ཏེ། སོ་ཏི་ཨ་རབ་ཀྱི་དམག་མི་གསུམ་བསད་པ་དང་། སོ་ཏི་ཨ་རབ་ཀྱི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བསད་ཟེར།

སོ་ཏི་ཨ་རབ་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཡེ་མིན་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ཡི་རྒྱབ་སྐྱོར་མཁན་གྱི་རོགས་འདེགས་འོག ཡེ་མིན་གྱི་ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཡེ་མིན་གྱི་སོ་ཏི་ཨ་རབ་ཀྱི་མཐའ་མཚམས་ས་ཁུལ་གྱི་སོ་ལྟ་ཁང་ལ་དཔུང་འཇུག་བྱས་ཏེ། སོ་ཏི་ཨ་རབ་ཀྱི་མཐའ་སྲུང་དམག་མི་གསུམ་འཐབ་འཁྲུག་ཁྲོད་རྨས་ཕོག་ཟེར། སོ་ཏི་ཨ་རབ་མཐའ་སྲུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པར་རྒོལ་ལན་སྤྲད་པ་དང་། མཁའ་དམག་གི་རྒྱབ་སྐྱོར་འོག་ཧུའུ་སེ་དྲག་ཆས་པའི་དཔུང་འཇུག་ཕམ་པར་བྱས་ལ། འཐབ་འཁྲུག་ཁྲོད་ཧུའུ་སེ་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་རེད།

དེའི་སྔོན་གྱི་དུས་ཚོད་འགའི་ནང་སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་སོ་ཏི་ཨ་རབ་ཀྱི་མཐའ་སྲུང་དམག་མི་གཅིག་འགས་གཏོར་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་ཁྱབ་སྒྲོག་བྱས་ཀྱང་། སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་གནས་ཚུལ་ཞིབ་ཏུ་མ་གླེང་། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན་མེ་སྒྱོགས་དེ་ནི་ཡེ་མིན་མངའ་ཁོངས་ཀྱི་ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་གཏོང་འཕེན་བྱས་པ་རེད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།