ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་འཇར་པན་གྱིས་ཨ་མེ་རི་ཁ་དང་འཇར་པན་གྱི་འགོག་སྲུང་མཉམ་ལས་བྱེད་ཕྱོགས་བཟོ་བཅོས་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁ་དང་འཇར་པན་གྱི་དམག་དོན་མནའ་འབྲེལ་ལ་ཤུགས་སྣོན་བྱས་པ་དེས་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་བརྟན་འཇགས་གནས་བབ་ལ་གཏོར་བརླག་ཐེབས་སྲིད་པ་དང་། ས་ཁུལ་བར་གྱི་འགལ་བ་ཇེ་དྲག་ཏུ་བཏང་ནས་རྩོད་གླེང་དང་དམག་ཆས་འགྲན་རྩོད་སོགས་ཀྱི་མཇུག་འབྲས་འབྱུང་སྲིད་ཟེར།

གཏམ་བཤད་སྤེལ་ཏེ་ཨ་མེ་རི་ཁས་འཛམ་གླིང་ཁྱབ་ཁོངས་ཀྱི་འཇར་པན་གྱིས་ལོ་རྒྱུས་ཡག་བཤད་དང་ཁས་ལེན་མི་བྱེད་པའི་སེམས་ཁུར་སྣང་མེད་དུ་བསྐྱུར་ནས་རང་སྟེང་གི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་འདས་ལོག་ལ་ཡར་སྐུལ་གཏོང་བཞིན་ཡོད། མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བར་འགྱུར་ལྡོག་ཇི་ལྟར་བྱུང་ཡང་། ཨ་མེ་རི་ཁས་མུ་མཐུད་དུ་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ན། ཁྲའོ་ཞན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྔོན་གྱི་ཆབ་སྲིད་མཉམ་འབྲེལ་ལམ་ཐིག་དམ་འཛིན་བྱས་ཏེ། གང་ནུས་ཀྱིས་རང་སྲུང་རང་བཞིན་གྱི་རྒྱལ་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།