ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཱ་ལིའི་བྱང་ཕྱོགས་ས་ཁུལ་ནས་ཉེ་སྔོན་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་བར་སེམས་ཁུར་ཆེན་པོ་བྱས་པ་དང་། ཕྱོགས་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པར་མ་ཟད། གང་མགྱོགས་ཀྱིས་ཞི་བའི་གྲོས་མཐུན་འཆར་ཟིན་འགོད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་གྱི་ཚུན་ལ་མཱ་ལིའི་བྱང་ཕྱོགས་ཀྱི་ཅཱ་ཨོ་ས་ཁུལ་སོགས་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་སྔོན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་ཡོད་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་ཁག་སོ་སོས་གྲོས་མཐུན་ནང་ཁས་ལེན་བྱས་པའི་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། དེ་ལྟར་མིན་ཚེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་པར་བསམ་བློ་གཏོང་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་དེར་ཡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་མཱ་ལིའི་ཕྱོགས་ཁག་སོ་སོའི་གནས་བབ་ཞི་འཇགས་སུ་གཏོང་བ་དང་མུ་མཐུད་དུ་གྲོས་མོལ་བྱེད་པར་མཐུན་སྦྱོར་བྱས་ཤིང་། མཱ་ལིའི་ཕྱོགས་ཁག་སོ་སོ་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་གྲོས་མོལ་འཕེལ་རིམ་ནང་ཞུགས་ཏེ། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་རྒྱལ་ས་པཱ་མཱ་ཁི་ནས་ཞི་བདེའི་གྲོས་མཐུན་འཆར་ཟིན་འགོད་པར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།