ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་་གཅིག་ཉིན་ནི་ནེ་པཱ་ལཱའི་ས་འགུལ་དྲག་པོ་བྱུང་རྗེས་ཀྱི་ཉིན་བདུན་པ་ཡིན་པ་དང་། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་བར། ནེ་པཱ་ལཱའི་ས་འགུལ་དྲག་པོའི་གནོད་འཚེ་ལས་རྒྱལ་ཁབ་དེའི་མི་སྟོང་ལྔ་དང་དགུ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་ཐེབས་པའི་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་རྒུད་སྐྱོབ་ལས་ཁུངས་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནེ་པཱ་ལཱ་རྒྱལ་ཁབ་ལ་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་ལྔའི་བྲེལ་མྱུར་ཞལ་འདེབས་ཕུལ་ནས། ནེ་པཱ་ལཱའི་སྲིད་གཞུང་གིས་ས་འགུལ་གནོད་ཐེབས་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། གནོད་ཐེབས་ས་ཁུལ་དུ་མིག་སྔར་མི་འབུམ་ལྔར་འགྲོ་སའི་ཁྱིམ་མེད་པས། རས་གུར་དང་འཐུང་ཆུ། གཞི་རྩའི་སྨན་བཅོས་ཐོན་ཁུངས་སོགས་མཁོ་གལ་ཧ་ཅང་ཆེ། པར་འདི་ནི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཧིན་རྡུ་ཆོས་ལུགས་ཀྱི་དད་ལྡན་པ་ཞིག་ཀ་ཏི་མན་ཏུའུ་ཡི་ཕཱ་སི་ཕཱ་ཐིས་ནཱ་ལྷ་ཁང་གི་གཏོར་བཤིག་ཐེབས་པའི་བཟོ་བཀོད་ཅིག་གི་མདུན་དུ་བསྡད་ཡོད་པའི་རྣམ་པ་རེད། ལྷ་ཁང་དེ་ནི་ཧ་ལམ་སྤྱི་ལོ་བཞི་བརྒྱ་ཙམ་ལ་བཞེངས་སྐྲུན་བྱས་པ་དང་། ནེ་པཱ་ལཱའི་མིང་དུ་གྲགས་པའི་འཛམ་གླིང་ཤུལ་བཞག་ཅིག་ཡིན། ཐེངས་འདིའི་ས་འགུལ་ཁྲོད་དེར་གཏོར་བཤིག་ཆེར་མ་ཐེབས།

ཟླ་ལྔ་བའི་ཚེས་་གཅིག་ཉིན་ནི་ནེ་པཱ་ལཱའི་ས་འགུལ་དྲག་པོ་བྱུང་རྗེས་ཀྱི་ཉིན་བདུན་པ་ཡིན་པ་དང་། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་བར། ནེ་པཱ་ལཱའི་ས་འགུལ་དྲག་པོའི་གནོད་འཚེ་ལས་རྒྱལ་ཁབ་དེའི་མི་སྟོང་ལྔ་དང་དགུ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་ཐེབས་པའི་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་རྒུད་སྐྱོབ་ལས་ཁུངས་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནེ་པཱ་ལཱ་རྒྱལ་ཁབ་ལ་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་ལྔའི་བྲེལ་མྱུར་ཞལ་འདེབས་ཕུལ་ནས། ནེ་པཱ་ལཱའི་སྲིད་གཞུང་གིས་ས་འགུལ་གནོད་ཐེབས་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། གནོད་ཐེབས་ས་ཁུལ་དུ་མིག་སྔར་མི་འབུམ་ལྔར་འགྲོ་སའི་ཁྱིམ་མེད་པས། རས་གུར་དང་འཐུང་ཆུ། གཞི་རྩའི་སྨན་བཅོས་ཐོན་ཁུངས་སོགས་མཁོ་གལ་ཧ་ཅང་ཆེ། པར་འདི་ནི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀ་ཏི་མན་ཏུའུ་ཡི་ཕཱ་སི་ཕཱ་ཐིས་ནཱ་ལྷ་ཁང་ཕུག་རོན་ཁྱུ་ཚོགས་གར་དུ་རྩེན་པའི་རྣམ་པ་རེད། ལྷ་ཁང་དེ་ནི་ཧ་ལམ་སྤྱི་ལོ་བཞི་བརྒྱ་ཙམ་ལ་བཞེངས་སྐྲུན་བྱས་པ་དང་། ནེ་པཱ་ལཱའི་མིང་དུ་གྲགས་པའི་འཛམ་གླིང་ཤུལ་བཞག་ཅིག་ཡིན། ཐེངས་འདིའི་ས་འགུལ་ཁྲོད་དེར་གཏོར་བཤིག་ཆེར་མ་ཐེབས།

ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེར་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་བྱུང་བའི་ས་འགུལ་དྲག་པོའི་གནོད་འཚེ་ལས་ད་ལྟའི་བར་མི་སྟོང་དྲུག་དང་ཉིས་བརྒྱ་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཞེ་བདུན་ལ་རྨས་ཕོག ནེ་པཱ་ལཱའི་ནང་སྲིད་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན། གནོད་ཐེབས་རྫོང་ཁག་ཉེར་དགུའི་ཁྲོད་རི་ཁུལ་དུ་གནས་པའི་ཞིན་ཏུའུ་ཕཱ་ཨར་ཆའོ་ཁིའི་ཤི་རྨས་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་རེད། ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་ཉིན་གུང་བར་རྫོང་དེ་ནས་མི་སྟོང་གཉིས་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་ཕྲག་འགའ་ལ་རྨས་ཕོག་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།