图为加德满都地震救援工作展开。2.jpg

པར་འདི་ནི་ཀ་ཏི་མན་ཏུའུ་ནས་ས་འགུལ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱ་རྒྱལ་ཁབ་ལ་ཚེས་ཉེར་ལྔ་ཉིན་ས་འགུལ་དྲག་པོ་བྱུང་བ་དང་། ཉིན་དེའི་དགོང་མོའི་བར་ས་འགུལ་གནོད་འཚེ་ལས་ཉུང་མཐར་ཡང་མི་སྟོང་གཅིག་དང་བཞི་བརྒྱ་དོན་ལྔ་རྐྱེན་ལམ་དུ་ཤོར། གནོད་ཐེབས་ས་ཁུལ་དུ་གྱོང་གུད་ཚབས་ཆེན་བྱུང་ཡོད་ལ། ནེ་པཱ་ལཱའི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ། དམག་དཔུང་བཅས་རྒུད་སྐྱོབ་བྱ་བར་ཞུགས།

 ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གིས་ཚད་འཛལ་བྱས་པ་ལྟར་ན། ནེ་པཱ་ལཱའི་ཐེངས་འདིའི་ས་འགུལ་ནི་ཚད་རིམ་བརྒྱད་དང་གྲངས་ཆུང་གཅིག་ཡིན་པ་དང་། ཡོ་རོབ་གླིང་ས་དཀྱིལ་མཚོ་ས་འགུལ་བརྟག་དཔྱད་ལྟེ་གནས་ཀྱིས་ཐོག་མར་ཚད་འཇལ་བྱས་པ་ལྟར་ན་ཐེངས་འདིའི་ས་འགུལ་ཚད་རིམ་བདུན་དང་གྲངས་ཆུང་ལྔ་ཡིན་པར་བཤད་པ་དང་དེའི་རྗེས་སུ་བདུན་དང་གྲངས་ཆུང་བརྒྱད་དུ་ཇེ་མཐོར་བཏང་། ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་ཚད་འཇལ་བྱས་པ་ལྟར་ན་ཚད་རིམ་བདུན་དང་གྲངས་ཆུང་དགུ་རེད་ཟེར།

ཐེངས་འདིའི་ས་འགུལ་བལ་བོའི་རྒྱལ་ས་ཀ་ཏི་མན་ཏུའུ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་གྱ་གཉིས་མཚམས་སུ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉི་ཤུ་ཙམ་ཡོད། གནོད་པ་ཅུང་ཆེ་བའི་ས་ཁའི་ས་འགུལ་དུ་གཏོགས། ཧིན་རྡུ་ཉི་ཞི་ཡཱ་དང་བྷང་ག་ལཱ། ཀྲུང་གོའི་བོད་ལྗོངས་སོགས་ས་ཁུལ་དུ་ས་འགུལ་གྱི་ཚོར་བ་གསལ་བོ་ཡོད་པ་རེད།

 ནེ་པཱ་ལཱའི་ནང་སྲིད་པུའུ་དང་དམག་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་བཅུ་གཉིས་ཡས་མས་སུ། ནེ་པཱ་ལཱའི་དབུས་ཕྱོགས་ཀྱི་གོར་ཁ་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་འགུལ་དྲག་པོ་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་གོར་ཁ་རྫོང་ཡིན་ལ། རྒྱལ་ས་ཀ་ཏི་མན་ཏུའུ་དང་བར་ཐག་སྤྱི་ལེ་དོན་ལྔ་ཡོད། དུས་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་ཡས་མས་སུ། བྱང་ཕྱོགས་ཀྱི་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་དུ་ཡང་བསྐྱར་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་། ནེ་པཱ་ལཱའི་དམག་ཕྱོགས་ཀྱི་ཇུས་འདོན་པ་ལཱ་ནཱ་ཡིས་ཀྲུང་གོའི་གཞུང་ཚབ་ཁང་ལ་མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་བྱུང་ས་ནི་ནུབ་ཕྱོགས་ཀྱི་ལོ་ཨར་ཕཱ་ནས་ཤར་ཕྱོགས་ཀྱི་དབྱི་ལཱ་མུའུ་བར་སྤྱི་ལེ་སྟོང་ལྷག་གི་ས་ཁོངས་ཡིན་ཟེར།

ཀ་ཏི་མན་ཏུའུ་ཡི་སྨན་ཁང་ཆེན་མོ་སོ་སོར་ནད་པ་ཤོང་དཀའ་བའི་ཚད་དུ་ལྷུང་ཡོད་པ་དང་། བསྡུ་ལེན་བྱས་པའི་རྨས་མ་སྟོང་ཕྲག་འགའ་ལྷག་གནས་སྐབས་སུ་སྨན་ཁང་ཉེ་འགྲམ་གྱི་སྲང་ལམ་དང་ས་སྟོང་དུ་འདུག་ཏུ་བཅུག་ཡོད། དེ་ལས་གཞན་བེམ་པོ་མང་བོ་སྨན་ཁང་དུ་བསྐྱལ་ནས་ཐག་གཅོད་བྱེད་པར་སྒུག་ཡོད། མིག་སྔར་དཔྱིད་ཀའི་རི་འགོའི་དུས་ཚིགས་ཡིན་པས། རི་འགོ་མཁན་མང་བོ་རི་ཁུལ་དུ་ཡོད་ལ། མིག་སྔར་རི་འགོ་མཁན་རེ་འགར་ཤི་རྨས་ཐེབས་པ་དང་མི་རེ་འགར་འབྲེལ་གཏུག་ཆད་པའི་གནས་ཚུལ་བསྒྲགས་ཡོད། ནེ་པཱ་ལཱའི་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་། དམག་དཔུང་བཅས་མངག་ནས་རྒུད་སྐྱོབ་བྱ་བར་ཞུགས་རྒྱུ་ཡིན་ཟེར།

ནེ་པཱ་ལཱའི་ཙུང་ལི་ཁི་དབྱེ་ལཱ་ལཱ་ཡིས་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་མཚམས་བཞག ས་འགུལ་དེ་ལས་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། གནའ་བོའི་བཟོ་བཀོད་མང་བོར་གཏོར་བརླག་ཐེབས་པ་ཧ་ཅང་ཚབས་ཆེ། ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཀ་ཏི་མན་ཏུའུ་ཏུའུ་པཱ་ཐང་ཆེན་ནས་གསར་འགོད་པས་མཐོང་བ་ལྟར་ན། ལྔ་ཆའི་གསུམ་གྱི་བཟོ་བཀོད་ལ་གཏོར་བཤིག་ཐེབས་ཡོད་ལ། དེའི་འཕྲོའི་བཟོ་སྐྲུན་མང་བོར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།