ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཝུའུ་ཁི་ལན་དུ་ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཆོག་ཀྱང་། འཁྲུག་རྩོད་ཕྱོགས་གཉིས་འཐད་པ་འབྱུང་དགོས་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཆོག ང་ཚོས་ཤེས་གསལ་ལྟར་ན། ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱེད་པར་ཐོག་མར་འཁྲུག་རྩོད་ཕྱོགས་ཁག་གཉིས་འཐད་པ་འབྱུང་དགོས་ལ། ཡང་གཅིག་བཤད་ན་གྲོས་གཞི་དེར་ཐོག་མར་ཝུའུ་ཁི་ལན་ནང་ཁུལ་ནས་གྲོས་བསྡུས་བྱས་ཏེ། ཏོན་པཱ་སི་དང་ཅི་ཧྥུའུ། དེ་མིན་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་བར་གྲོས་བསྡུར་བྱེད་དགོས་ཟེར།

དེའི་སྔོན་ཝུའུ་ཁི་ལན་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱེད་པའི་གྲོས་གཞི་བཏོན་པ་དང་། ཏོན་ནེ་ཚི་ཁི་ས་ཁུལ་གྱི་འཐུས་མི་ཕུའུ་ཨར་ཅིན་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། དམངས་ཁྲོད་དྲག་ཆས་པས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཞི་བདེ་སྲུང་སྐྱོབ་མི་སྣ་མངག་གཏོང་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་གདེང་འཇོག་བྱས་དོན། ཅི་ཧྥུའུ་ཡིས་ཐེངས་འདིར་གྲོས་གཞི་དེ་འདྲ་བཏོན་པ་ནི་མི་རྣམས་ཀྱིས་མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་ལ་སེམས་ཁུར་བྱེད་པའི་གནས་བབ་བསྒྱུར་བའི་ཆེད་དུ་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་མན་དང་ཧྥ་རན་སི་ཡིས་ཝུའུ་ཁི་ལན་གནད་དོན་གྱི་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པའི་བྱ་བར་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཉེ་བའི་ཉིན་འགའི་རིང་ངས་ཧྥ་རན་སི་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་བར་གྲོས་མོལ་བྱས་པ་དང་། དེ་རིང་ཡང་བསྐྱར་ཁོ་ཚོས་ཤུགས་ཚད་ཇེ་ཆེར་བཏང་ནས། གོ་རིམ་ལྡན་པའི་སྒོ་ནས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་པའི་བྱ་བར་ཡར་སྐུལ་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།