ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་ཐཱ་ཉིག་ཀི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་སེར་ཝེ་ཡཱ་རུ་སྡོད་པའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཏཱ་ཝུན་པའོ་ཐི་ཡིས་ཉིན་དེར་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལེ་ཏི་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སེར་ཝེ་ཡཱ་ལ་སྤྱིའི་རིན་ཐང་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བརྒྱད་ཡོད་པའི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་དེའི་ན་ནིང་ཟླ་ལྔ་བའི་ཆུ་ལོག་གི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཏཱ་ཝུན་པའོ་ཐི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་ནས་མཐུན་སྒྲིལ་ཐེབས་རྩའི་ཁྲོད་ནས་ཡོ་སྒོར་བྱེ་བ་དྲུག་བཏང་ནས་སེར་ཝེ་ཡཱའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་རྒྱུ་ཐག་བཅད་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་ལོ་ནས་ད་ལྟའི་བར་ཡོ་རོབ་གླིང་མནའ་འབྲེལ་གྱིས་རིམ་བསགས་ཀྱིས་སེར་ཝེ་ཡཱ་ལ་ཡོ་སྒོར་ཐེར་འབུམ་གསུམ་གྱི་རོགས་སྐྱོར་བྱས་ཡོད་ཟེར།

ཏཱ་ཝུན་པའོ་ཐི་ཡིས་ད་རུང་བསྟན་དོན། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་ད་ལོར་གྲུབ་འབྲས་འབྱུང་སྲིད་ཟེར།

སེར་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་དགུ་ལོའི་ཟླ་བཅུ་གཉིས་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བཏོན་པ་དང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།