ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པའི་ཧི་ལན་ཡན་ལག་རུ་ཁག་གི་ཨ་ཕཱ་ཆི་དྲག་ཆས་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་མཱ་ལི་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་ཧི་ལན་གྱི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ། གྱེན་འཕུར་གནམ་གྲུ་དེས་ཅཱ་ཨོ་གྲོང་ཁྱེར་བྱང་ཕྱོགས་ཀྱི་སྤྱི་ལེ་ཞེ་གཉིས་ཡོད་པའི་མཚམས་སུ་བྲེལ་མྱུར་ངང་སར་འབབ་སྐབས་སར་ལྷུང་སྟེ་གནམ་གྲུའི་སྟེང་གི་མི་གཉིས་རྐྱེན་ལམ་དུ་ཤོར་བ་རེད།

གནམ་གྲུ་སར་ལྷུང་བའི་གནས་ཚུལ་འབྱོར་རྗེས། མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པས་མྱུར་མོར་སྨན་བཅོས་མི་སྣ་མངག་གཏོང་བྱས་ཀྱང་། ཧི་ལན་གྱི་དམག་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་མ་ཐུབ། མིག་སྔར་དོན་རྐྱེན་བྱུང་ས་བཀག་སྡོམ་བྱས་ཡོད་པ་དང་། མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པ་དང་ཧི་ལན་གྱིས་ཆེད་དོན་རྟོག་ཞིབ་མི་སྣ་མངག་ནས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཱ་ལིའི་གནད་དོན་གྱི་དམིགས་བསལ་འཐུས་མི། མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པའི་ཚོགས་གཙོ་ཧཱ་མུའུ་ཏིས་ཀྱིས་ཧི་ལན་སྲིད་གཞུང་དང་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཁྱིམ་མིར་འཚམས་འདྲི་དང་སེམས་གསོ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།