ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་སཱ་ལེ་ཞི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ལག་རྩལ་འགལ་བ་མང་ཆེ་བ་ཐག་གཅོད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ལག་རྩལ་གྱི་གནད་དོན་གཞན་པ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱི་ཉིང་རྡུལ་ནུས་པའི་གྲོས་མོལ་དེ་ཚེས་བཅུ་བདུན་ཉིན་སུའེ་ཙེར་གྱི་ལོ་སང་ནས་མུ་མཐུད་དུ་སྤེལ་བ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ། ཨ་མེ་རི་ཁའི་ནུས་ཁུངས་པུའུ་ཀྲང་མའོ་ནེ་ཚི། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་སཱ་ལེ་ཞི་བཅས་ཕྱོགས་གཉིས་ཀྱི་མཐོ་རིམ་འཐུས་མིས་ཉིན་དེར་གྲོས་མོལ་ཐེངས་འགར་སྤེལ།

སཱ་ལེ་ཞི་ཡིས་མའོ་ནེ་ཚི་དང་མཉམ་དུ་ཕྱོགས་གཉིས་ཀྱི་ལག་རྩལ་གྲོས་མོལ་མཇུག་སྒྲིལ་རྗེས་བཤད་རྒྱུར། ང་ཚོ་བརྒྱ་ཆའི་དགུ་བཅུའི་ལག་རྩལ་གནད་དོན་ཐད་ནས་གྲོས་འཆམ་བྱུང་ཡོད་ལ། མིག་སྔར་ཕྱོགས་གཉིས་བར་གལ་ཆེ་བའི་ལག་རྩལ་འགལ་བ་གཅིག་མ་གཏོགས་མེད་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་འཐུས་མིས་ཚེས་བཅོ་བརྒྱད་ཉིན་ལོ་སང་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་དམག་དཔུང་ཚོད་འཛིན་ཟི་ཡི་ཟི་ཀྲང་ཝང་ཆོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་ནས་གྲོས་མོལ་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།