ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་གཟའ་འཁོར་འདིའི་བྱ་བར་བྲེལ་བ་ཧ་ཅང་ཆེ་བ་རེད། ཚེས་བཅུ་བདུན་ཉིན་ཁི་ལིན་མུའུ་ལིན་ཕོ་བྲང་ནས་རྒྱལ་ཁའི་ཉིན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། གཙོ་བོ་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། རྒྱལ་ཁབ་ཉེར་དྲུག་གི་མགོ་ཁྲིད་པ་མའོ་སི་ཁི་ནས་སྤེལ་རྒྱུ་ཡིན་པའི་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་ཁས་ལེན་བྱས་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་གནོད་ཤུགས་ཐེབས་ཡོད་ཀྱང་། ཡོ་རོབ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོའི་དོན་སྙིང་གསལ་བོར་ཤེས་ཡོད་པར་མ་ཟད། མའོ་སི་ཁི་རུ་ཡོང་ནས་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པའི་གདན་ཞུ་དང་ལེན་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་རྟེན་འབྲེལ་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བསྟན་དོན། ཆབ་སྲིད་ཀྱི་དམིགས་ཡུལ་འོག ངོ་ཚ་མེད་པའི་སྒོ་ནས་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་གི་ལོ་རྒྱུས་འཁྱོག་བརྗོད་བྱེད་པའི་འཆལ་གཏམ་དང་བདེན་ལུགས་ལ་འབྲེལ་བ་ཅི་ཡང་མེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་བཟོ་བཅོས་བྱེད་རྩིས་བྱེད་པའི་དམིགས་ཡུལ་ནི་དེང་སྐབས་ཀྱི་ཨུ་རུ་སིའི་སྟོབས་ཤུགས་དང་དབང་གྲགས་ལ་གཏོར་བརླག་བྱེད་པའི་ཆེད་དུ་རེད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཕུའུ་ཅིན་གྱི་གཟའ་འཁོར་འདིའི་བྱ་བར་བྲེལ་བ་ཧ་ཅང་ཆེ་བ་དང་། ཚེས་བཅུ་དྲུག་ཉིན་ཕུའུ་ཅིན་གྱིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་དང་གྲོས་མོལ་བྱས་པ་དང་། ཚེས་བཅུ་བདུན་ཉིན་ཁི་ལིན་མུའུ་ལིན་ཕོ་བྲང་ནས་རྒྱལ་ཁའི་ཉིན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཙོ་བོ་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱས། ཚེས་བཅོ་བརྒྱད་ཉིན་ཕུའུ་ཅིན་གྱིས་ཨོ་སེ་ཏིས་ལྷོ་མའི་བར་མན་འབྲེལ་དང་གཞི་གཅིག་ཅན་གྱི་ཆིངས་ཡིག་འགོད་རྒྱུ་མ་ཟད། ཉིན་དེར་ཁོས་ད་རུང་ཁི་ལི་མུས་ཡཱའི་འཕེལ་རྒྱས་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་རེད། ཚེས་བཅུ་དགུའི་ཉིན་ཁོས་ཨུ་རུ་སིའི་བཟོ་ལས་དང་ཁེ་ལས་པའི་མནའ་འབྲེལ་གྱི་ཁོངས་མི་དང་མཉམ་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་དང་སྲིད་གཞུང་གི་ཉམས་ཉེན་སེལ་བའི་འཆར་གཞི་སོགས་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད་ཚོགས་ཐོག་ནས་གཏམ་བཤད་སྤེལ་རྒྱུ་རེད། ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་གནམ་གྲུར་བསྡད་དེ་ཨ་སི་ཐཱ་ནཱ་རུ་འགྲོ་རྒྱུུ་ཡིན་པ་དང་། ཚེས་ཉི་ཤུའི་ཉིན་ཧཱ་སག་སི་ཐན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལ་ཐུག་འཕྲད་བྱས་ཏེ། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་ད་ལྟའི་གནས་ཚུལ་དང་མདུན་ལྗོངས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། ཞོར་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།